༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

དངུལ་བཙུགས་འཕྲུལ་ཆས་འདི་ གྱལ་ནང་བསྒུག་སྡོད་ནི་དང་ འབྲི་ཤོག་ཚུ་ག་ནི་ཡང་བསྐང་མ་དགོ་པར་ འབྲུག་གི་དངུལ་ཁང་གི་དངུལ་བཙུགས་འཕྲུལ་ཆས་དེ་གིས་ དངུལ་བཙུགས་ནིའི་ལཱ་ག་ནི་བ་འཇམ་ཏོང་ཏོ་སྦེ་བཟོ་ཡོདཔ་ཨིན། དངུལ་བཙུགས་འཕྲུལ་ཆས་འདི་ རང་གིས་འབད་རང་ དངུལ་བཙུགས་ཚུགས་པའི་འཕྲུལ་ཆས་ཅིག་ཨིནམ་ད་ དངུལ་དེ་ཡང་བཙུགསཔ་ཅིག་ རང་གི་རྩིས་ཁྲ་ནང་འཛུལ་ནི་ཨིནམ་མ་ཚད་ དངུལ་བཙུགས་ཡོད་པའི་ཤོག་འཛིན་ཚུ་ཡང་ འཕྲུལ་ཆས་འདི་ནང་ལས་རང་ དུས་འཕྲོ་ལས་འཐོབ་ཚུགས་ནི་ཨིནམ་མ་ཚད་ ཤོགས་འཛིན་བཏོན་དགོ་པའི་སྐོར་ལས་ཡང་ འཕྲུལ་ཆས་གིས་རང་ དྲན་སོ་འབད་དོ་ཡོདཔ་ཨིན།

ཁེ་ཕན།

  • ཐད་ཀར་དུ་དངུལ་བཙུགས་པའི་སྐབས་ འཐུས་ཚུ་ག་ནི་ཡང་མི་ཕོག
  • དངུལ་བཙུགས་པའི་སྐབས་ ༡༠ ལོར་དང་ ༥ ལོར་ཟེར་ལོགས་སུ་སྦེ་དབྱེ་བ་ཕྱེ་བཙུགས་མི་དགོ
  • ཁྱོད་ཀྱི་དངུལ་འདི་ འདི་འཕྲོ་ལས་ཁྱོད་རའི་རྩིས་ཁྲ་ནང་འཛུལ་འོང་།
  • ཁྱོད་ཀྱི་དངུལ་བཙུགས་ཡོད་པའི་བརྡ་དོན་ཚུ་ ཡིག་འཕྲིན་ཐོག་ལས་འདི་འཕྲོ་ལས་ཐོབ་ཚུགས།
  • དངུལ་བཙུགས་འཕྲུལ་ཆས་ནང་ལུ་ དངུལ་ལྷག་ལུས་གཟིགས་ནི། རྩིས་ཐོ་བལྟ་ནི། ཁྱོད་རའི་གསང་ཨང་ཚུ་སོར་ནི། དངུལ་གཏང་ནི་ (འབྲུག་གི་དངུལ་ཁང་ནང་འཁོད་ཀྱི་རྩིས་ཁྲ་ཚུ་དང་ གཞན་གྱི་དངུལ་ཁང་ཚུ་ནང་དངུལ་གཏང་ནི།) དངུལ་འཛིན་གྱི་དེབ་ཀྱི་ཞུ་བ་འབད་ནི། ཁྱོད་རའི་རྩིས་ཁྲ་གི་ཁ་གསལ་གྱི་ཞུ་བ་ཚུ་འབད་ནིའི་མཐུན་རྐྱེན་ཚུ་ཡོདཔ་ཨིན།
  • དངུལ་བཙུགས་འཕྲུལ་ཆས་ཀྱི་ཐོག་ལས་ དངུལ་ཁང་གི་དུས་ཚོད་ལུ་བསྒུག་མ་དགོ་པར་ ངལ་གསོ་ཚུ་རྩིས་ཏེ་ དུས་ནམ་རང་འབད་རུང་ དུས་ཡུན་ཆུ་ཚོད་ཁལ་གཅིག་བཞི་གི་རིང་ལུ་ དངུལ་བཙུགས་ཚུགས།