༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

ནང་འདྲེན་འབད་མི་ཚུ་གི་ཞུ་བ་འབད་ཡོདཔ་བཞིན་དུ་ ཕྱི་རྒྱལ་ཁབ་ཀྱི་མཁོ་སྤྲོད་པ་ཚུ་གི་ཕན་ཐབས་ལུ་དམིགས་ཏེ་ དངུལ་ཁང་འདི་གིས་ དངུལ་ཚབ་ཡི་གུ་གི་ལམ་ལུགས་ཅིག་ ཡིག་འགྲུལ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན།

རྒྱ་གར་རྒྱལ་ཁབ་མ་ཡིན་པའི་ ཕྱི་རྒྱལ་ཁབ་ཚུ་ནང་ལས་ གནང་བ་ཡོད་པའི་ཅ་དངོས་ཚུ་ ནང་འདྲེན་འབད་ནིའི་དོན་ལུ་ བསྟན་རྒྱས་ལྷན་ཁག་གི་ བཅའ་ཁྲིམས་དང་བྱ་སྒོའི་ལམ་ལུགས་ལྟར་དུ་ དངུལ་ཁང་གི་བྱ་སྒོའི་ལམ་ལུགས་དང་འཁྲིལ་ཏེ་ གཤམ་འཁོད་ཀྱི་ཡིག་ཆ་ཚུ་དགོཔ་ཨིན། ཡིག་ཆ་ཚུ་ག་ར་ཚང་ཞིནམ་ལས་རྐྱངམ་ཅིག་ དངུལ་ཁང་གིས་ ནང་འདྲེན་འབད་ཡོད་པའི་ཅ་དངོས་ཚུ་ལུ་ དངུལ་ཚབ་ཀྱི་ཡི་གུའི་ཡིག་ཆ་འགོ་བཙུགས་ཏེ་ སྤྲོད་ནི་ཨིན།

ཡིག་ཆ་ཚང་དགོཔ།

  • ཕྱི་དངུལ་བརྗེ་སོར་ཚད་འཛིན་གྱི་ ཆ་གནས་ཡོད་པའི་ནང་འདྲེན་གྱི་ཆོག་ཐམ་གྱི་འདྲ་དང་གཅིག་ཁར་ ཆོག་ཐམ་ངོ་མ་དེ་ཡང་དགོ (ཆོག་ཐམ་དེ་ཡང་ ཨེལ་སི་(LC)གི་དོན་ལུ་ཆ་འཇོག་གྲུབ་ཞིནམ་ལས་ ལོག་སྤྲོད་ནི་ཨིནམ་ད་ དེ་ཡང་ ཆོག་ཐམ་གཅིག་གི་ཐོག་ལུ་ ལོག་ཅི་རང་ཆ་འཇོག་འབད་ནི་ལས་ བཀག་ཐབས་ཀྱི་དོན་ལུ་ཨིན།
  • ཕྱི་རྒྱལ་ཁབ་ལས་ནང་འདྲེན་འབད་ཡོད་མི་ཚུ་ལུ་ དངུལ་སྤྲོད་ལེན་གྱི་དོན་ལུ་ བཀོད་རྒྱ་དང་འཁྲིལ་བསྐང་ཡོད་པའི་ཁར་ གནང་བ་ཡོད་པའི་མི་ངོམ་/ཚོང་སྡེའི་མི་ངོམ་/གཞུང་གི་ལས་ཁུངས་ཀྱིས་མིང་རྟགས་བཀོད་དེ་ཡོད་མི་འདི་དགོ།
  • བཀྲམ་སྤེལ་བ་གིས་གཏང་ཡོད་པའི་ ཅ་ལའི་ཐོ་གི་འཛིན་ཤོག་ནང་ལུ་ ཅ༌ལ༌གི༌ཁ་གསལ་འགྲེལ་བཤད། ཅ་ལའི་རིན་གོང་དང་གནས་གོང་།  གྲངས་ཚད།/སྤུས་ཚད། ཚོང་གི་ཁ་ཚིག་ དེ་ཡང་ ཨེཕི་ཨོ་བི་/སི་ཨེཕི་ཨར་/སི་ཨེའི་ཨེཕི་ལ་སོགས་པ་ཚུ་དང་ དངུལ་སྤྲོད་ལེན་གྱི་ཁ་ཚིག་ཚུ་ཡང་ ས་སྒོ་འདི་ནང་ འདི་འཕྲོ་ལས་སྤྲོད་ནི་/ཐོན་རིམ་དང་འཁྲིལ་ཏེ་སྤྲོད་ནི། དོ་སྐྱེལ་འདྲེན་གྱི་ཐབས་ལམ། དོ་ ནམ་སྐྱེལ་འདྲེན་འབད་ནི་ཨིན་ན་དང་ དེ་གི་གནས་ཡུན་ལ་སོགས་པ་ཚུ་དང་ ཁ་ཚིག་དང་གནས་ཚིག་ཚུ་གཞན་ཡང་ཡོད་པ་ཅིན་ འདི་ག་ར་ཚུད་དགོཔ་ཨིན། དེ་ལས་གཞན་ཡང་ ཅ་ལའི་ཐོ་གི་འཛིན་ཤོག་ནང་ལུ་ ཚོང་བཙོང་མི་གི་ དངུལ་ཁང་གི་མིང་དང་ཁ་བྱང་ཁ་གསལ་ རྩིས་ཁྲ་ཨང་དང་གཞན་ཡང་ འབྲེལ་བ་ཡོད་པའི་བརྡ་དོན་ཚུ་ག་ར་ཚུད་དགོཔ་ཨིན།
  • གནས་ཚད་ཅན་གྱི་ཞུ་ཡིག་དང་འགན་ལེན་གྱི་འབྲི་ཤོག་ནང་ལུ་ ཨེལ་སི་(LC)གི་ ཁ་ཚིག་དང་གནས་ཚིག་ཚུ་ ཁ་གསལ་སྦེ་བཀོད་དགོ་པའི་ཁར་ དེ་གུ་ ཇོ་བདག་ ཡང་ན་ གནང་བ་ཡོད་པའི་མི་ངོམ་དེ་གིས་ ཁྲིམས་རྟགས་གུ་ མིང་རྟགས་བཀོད་དེ་ཡོད་མི་འདི་དགོ། དགོས་མཁོ་མེད་པའི་ཡིག་འགྲུལ་དང་བསྒྱུར་བཅོས་ཚུ་ལས་འཛེམ་ཐབས་ཀྱི་དོན་ལུ་ ཨེལ་སི་གི་ཁ་ཚིག་དང་གནས་ཚིག་ཚུ་ཡང་ ཚོང་གི་གན་ཡིག་དང་ཅ་ལའི་ཐོ་གི་འཛིན་ཤོག་ནང་ལུ་ཚུད་དེ་ཡོད་མི་ལྟར་དུ་ ཞུ་ཡིག་ནང་ལུ་ཚུད་དགོ།

གནས་ཚུལ་ཁ་གསལ་གྱི་དོན་ལུ་ དངུལ་ཁང་གི་ ཉེ་འདབས་ཀྱི་ཡན་ལག་ཡིག་དང་ འབྲེལ་བ་མཛད་གནང་།