༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

འབུག་གི་དངུལ་ཁང་གིས་ དུས་ཚོད་དང་བསྟུན་པའི་ དངུལ་འབྲེལ་གྱི་རྒྱབ་སྐྱོར་འཕུལ་དོ་ཡོདཔ་ད་ དེ་ཡང་ བཟོ་བསྐྲུན་ལས་ཚན་གསརཔ་བཟོ་ནི་དང་ ཧེ་མ་ལས་ཡོད་པའི་ལས་ཚན་ཚུ་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ བསྐྱིན་འགྲུལ་གྱི་སྐྱེད་དེ་ཡང་ ག་ནི་བ་ཁེ་ཏོག་ཏོ་སྦེ་འཕུལ་དོ་ཡོདཔ་ཨིན། བསྐྱིན་འགྲུལ་དེ་ཡང་ ལས་འགུལ་གྱི་མ་རྩ་དང་ འཕྲུལ་ཁང་དང་འཕྲུལ་ཆས་ཚུ་མཁོ་སྒྲུབ་ དེ་ལས་ ལཱ་འབད་ནིའི་མ་རྩ་ཚུ་ལ་སོགས་པ་ཚུ་གི་དོན་ལུ་འཐོབ་ཚུགས།

ཁྱད་ཚད།

མི་ངོམ་དང་ལས་ དེ་ལས་ཚོང་ལས་ག་ར་གི་བསྐྱིན་འགྲུལ་འདིཐོབ་ཚུགས།

བསྐྱིན་འགྲུལ་གྱི་ཚད།

ལས་འགུལ་གྱི་ཡོངས་བསྡོམས་ཟད་འགྲོ་ལས་ བརྒྱ་ཆ་ ༦༠ ལས་ ༧༥ འི་བར་ན་འཐོབ་ཚུགས།

བསྐྱིན་འགྲུལ་གྱི་ལོ་ཚད།

བསྐྱིན་འགྲུལ་འདི་ མཐོ་ཤོས་རང་ ལོ་ ༡༥ གི་རིང་ལུ་འཐོབ།

སྐྱེད།

བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།

ཡིག་ཆ་ཚང་དགོཔ།

  • མ་དངུལ་དགོ་པའི་ཞུ་ཡིག
  • བཟོ་གྲྭའི་ཚོང་ལས་ཆོག་ཐམ།
  • ལས་འགུལ་འགོ་བཙུགས་ཆོག་པའི་གཞུང་གི་གནང་བ།
  • རྒྱལ་ཡོངས་མཐའ་སྐོར་ལྷན་ཚོགས་ནང་ལས་ཉོག་མེད་ལག་ཁྱེར།
  • ལས་འགུལ་གྱི་སྙན་ཞུ་ཁ་གསལ་དང་གཅིག་ཁར་ ཐོན་སྐྱེད་ཀྱི་འགྲེལ་བཤད་མདོར་བསྡུས། ལས་འགུལ་གྱི་ས་ཁོངས། ཚོང་ལམ་གྱི་ཞིབ་འཇུག རང་བཞིན་གྱི་རྒྱུ་ཆ། ཚོང་ཉོ་མི་ག་ར་འོང་གའི་སྐོར་ལས་དང་ ལས་འགུལ་འདི་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ག་དེ་སྦེ་ཕན་ཐོགས་ནི་ཨིན་ན་ལ་སོགས་པ་ཚུ་ མ་དངུལ་གྱི་ཕོ་ཚོད་ཚུ་བཀོད་དེ་དགོཔ་ཨིན།
  • ཞི་བའི་ལཱ་གི་སྔོན་རྩིས་བཏོན་ཡོད་མི།/འཕྲུལ་ཆས་ཀྱི་དོན་ལུ་རིན་བསྡུར་ཡོད་མི་དང་ བདོག་གཏད་སྣ་ཚོགས།
  • རྩིས་ཞིབ་འབད་ཡོད་པའི་ འདས་པའི་ལོ་ ༣ གྱི་ རྩིས་ཐོ་ (ཧེ་མ་ལས་གཞི་བཙུགས་འབད་དེ་ཡོད་པའི་ བཟོ་བསྐྲུན་ལས་ཚན་གྱི་དོན་ལུ།)
  • ས་ཆ་གི་ལག་ཁྲམ་ ཡང་ན་ གླ་ཁར་ལེན་ཡོད་པའི་གན་ཡིག
  • ལག་ལེན་མཉམ་འབྲེལ་གྱི་གན་ཡིག/འཕྲུལ་རིག་དང་འཕྲུལ་ཆས་ཚུ་ག་ཅི་བཟུམ་དང་ ག་དེ་སྦེ་རང་ལག་ལེན་འཐབ་ནི་ཨིན་ནའི་གན་ཡིག
  • གལ་སྲིད་ལས་འགུལ་གྱི་དོན་ལུ་ འཕྲུལ་ཆས་དང་རྒྱུ་ཆ་ཚུ་ཕྱི་རྒྱལ་ཁབ་ལས་ནང་འདྲེན་འབད་དགོཔ་རེ་འཐོན་པ་ཅིན་ ཕྱི་དངུལ་ཚུ་བྱིན་ནི་ཨིན་པའི་ ཁས་ལེན་གྱི་ཡི་གུ་དེ་ཡང་ བསྟན་རྒྱས་ལྷན་ཁག་ལས་དགོཔ་ཨིན།