༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

དུས་སྟོན་གྱི་སྐབས་ལུ་ མ་དངུལ་མེད་མི་ལུ་བརྟེན་ སྤྲོ་བ་སྟོན་ནིའི་གོ་སྐབས་འདི་འཕྲོ་བརླག་མ་གཏང་པར་ འབྲུག་གི་དངུལ་ཁང་གི་དུས་སྟོན་གྱི་བསྐྱིན་འགྲུལ་འདི་ལེན་ཏེ་ རང་དགའ་བའི་གོ་ལ་དང་ རང་དགའ་བའི་མི་དང་ཆ་རོགས་ཚུ་ལུ་ ཁྱོསམོ་ཚུ་ཉོ་ནི་དང་ གུ་རམ་དང་ བཟའ་འཐུང་གི་ཅ་ལ་ཚུ་ཉོ་སྟེ་ སེམས་དགའ་བའི་དགའ་འཛུལ་གདོང་ལས་སྟོན་སྟེ་ དུས་སྟོན་ཚུ་ལེགས་ཤོམ་སྦེ་བརྩི་སྲུང་ཞུ་གནང་།

ཁྱད་ཚད།

  • གཞུང་དང་ལས་འཛིན་ དེ་ལས་ སྒེར་སྡེ་ནང་ལུ་ལཱ་འབད་མི་ ཉུང་ཤོས་རང་ ལོ་གཉིས་ཀྱི་རིང་ལུ་ འཚོ་རྟེན་གྱི་མ་དངུལ་ཡོད་མི་དང་ལཱ་གཡོག་ཡོད་མི་ཅིག
  • རང་སོའི་ཐོག་ལས་ལཱ་གཡོག་འབད་མི་ག་ར་ཨིན་རུང་ འོང་འབབ་ཀྱི་གྲུབ་བྱེད་ཡོད་མི་ཅིག

བསྐྱིན་འགྲུལ་གྱི་ཚད།

བསྐྱིན་འགྲུལ་དེ་ཡང་ དངུལ་ཕོགས་ངེས་ཏིག་ཐོབ་མི་དང་འཁྲིལ་ མཐོ་ཤོས་དངུལ་ཀྲམ་ ༡༠༠,༠༠༠ དང་ བརྒྱ་ཆ་ལས་ ༣༠ ག་ཉུང་མི་འདི་ཐོབ།

སྐྱེད།

བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།

བསྐྱིན་འགྲུལ་གྱི་ལོ་ཚད།

བསྐྱིན་འགྲུལ་འདི་ མཐོ་ཤོས་རང་ལོ་ ༥ འི་རིང་ལུ་ཐོབ།

ཡིག་ཆ་ཚང་དགོཔ།

  • བསྐྱིན་འགྲུལ་ལེན་མི་གིས་ ཚུལ་མཐུནམ་སྦེ་བསྐང་ཡོད་པའི་ བསྐྱིན་འགྲུལ་གྱི་འབྲི་ཤོག
  • འོང་འབབ་ཀྱི་ཁྲལ་བཏབ་མི་དང་ འོང་འབབ་ཀྱི་གྲུབ་བྱེད།
  • བསྐྱིན་འགྲུལ་ལེན་མི་གི་པར་གསརཔ་གཅིག
  • བསྐྱིན་འགྲུལ་ལེན་མི་དང་ བར་ན་ ཁག་ལེན་མི་གཉིས་ཆ་རའི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • བསྐྱིན་འགྲུལ་ལེན་མི་འདི་གིས་ ཁོ/མོ་རའི་ཡིག་ཚང་/གཡོག་སྤྲོད་མི་ལུ་ བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ ཟླ་རིམ་བཞིན་དུ་དངུལ་ཕོགས་འདི་ནང་ལས་ རྟོགས་ཆོག་པའི་གནང་བའི་ཡི་གུ།
  • བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་གཉིས་ཆ་ར་གི་ ཚུལ་མཐུན་སྦེ་བསྐང་ཡོད་མི་དངུལ་ཕོགས་ཀྱི་འཛིན་གྱི་ཤོག་དང་ དེ་གུར་ དངུལ་ཕོགས་སྤྲོད་མི་འགོ་དཔོན་གྱི་མཚན་རྟགས་དང་ཐིའུ་ དེ་ལས་ གྲོས་འཆར་བཀོད་དེ་ཡོད་མི་ཚུ་དགོ
  • བསྐྱིན་འགྲུལ་ལེན་མི་གི་གཡོག་སྤྲོད་མི་/ཡིག་ཚང་ཁ་ཐུག་ལས་ ཟླ་རིམ་བཞིན་དུ་བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ མི་ངོ་དེ་གི་དངུལ་ཕོགས་ནང་ལས་ལས་རྟོགས་ཏེ་ དངུལ་ཁང་ནང་བཙུགས་ནི་ཨིན་པའི་ཡི་གུ
  • བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་གཉིས་ཀྱི་ གཡོག་བསྐོས་བཀའ་རྒྱ།
  • སྟོན་བསྒྲགས་ཀྱི་དེ་ཡང་ མཚན་རྟགས་བཀོད་དེ་ ཞུ་ཡིག་འབྲི་དང་གཅིག་ཁར་བཙུགས་དགོ