སྟབས་མཐུན་གྱི་དུས་རྒྱུན་དངུལ་གསོག་འཇོག།
སྟབས་མཐུན་གྱི་དུས་རྒྱུན་དངུལ་གསོག་འཇོག་ཐོག་ལུ་ ཚོང་མགྲོན་པ་གིས་ དངུལ་གསོག་འཇོག་འབད་ནིའི་དོན་ལུ་ སྟབས་བདེ་ཏོག་ཏོ་སྦེ་ཡོདཔ་ཨིན། ཁྱོད་རའི་བློ་བེད་ལྟར་དུ་ ཟླ་ངོ་རེ་རེ་ནང་ལུ་ ཉུང་ཤོས་རང་དངུལ་ཀྲམ་ ༡༠༠ ལྷག་སྟེ་ གསོག་འཇོག་འདབད་བཏུབ་ཨིན་རུང་ ཁྱོད་རའི་བློ་བདེ་ལྟར་དུ་ དངུལ་ཀྲམ་འདི་ ནམ་ཡར་སེང་འབད་དགོ་མནོཝ་ཅིག་འབད་ཚུགས། གལ་སྲིད་ཁྱོད་ལུ་དངུལ་ལེ་ཤ་ཡོད་པ་ཅིན་ ཟླཝ་གཅིག་གི་ནང་ལུ་ ཚར་ལེ་ཤ་ཅིག་རང་གསོགས་འཇོག་འབད་ནི་ནི་དང་ དེ་མ་ཚད་ ཟླཝ་གཅིག་ནང་ ཏི་རུ་མ་སྤ་ལས་མ་བཙུགས་རུང་བཏུབ་ཨིན།
དངུལ་གྱི་ཚད།
གནས་ཡུན།
བསྐྱིན་འགྲུལ་གྱི་མཐུན་རྐྱེན།
སྟབས་མཐུན་དུས་རྒྱུན་དངུལ་གསོག་འཇོག་འབད་ཡོད་མི་ཐོག་ལུ་ བསྐྱིན་འགྲུལ་ཡང་འཐོབ་ཚུགས།
ཉེས་ཆད་སྤྲོད་དགོཔ།
སྟབས་མཐུན་དངུལ་གསོག་འཇོག་གི་སྐབས་ལུ་ ཟླཝ་ནང་ལུ་ དུས་ཚོད་ཁར་དངུལ་བཙུགས་མ་ཚུགས་རུང་ ཉེས་ཆད་ཚུ་ག་ནི་ཡང་མི་ཕོག
དུས་ཡུན་མ་ཚངམ་ལས་ དངུལ་བཏོན་ནི།
སྟབས་མཐུན་དུས་རྒྱུན་གྱི་དངུལ་གསོག་འཇོག་འབད་མི་འདི་ གནས་ཡུན་མ་ཚངམ་ལས་ མཚམས་འཇོག་བཞག་སྟེ་ དངུལ་བཏོན་ནིའི་གོ་སྐབས་ཡོདཔ་ཨིན། སྐྱེད་ཐོབ་ལམ་དེ་ཡང་ འོས་འབབ་ཡོད་པའི་སྐྱེད་ཀྱི་ཚད་ལས་ བརྒྱ་ཆ་གཅིག་ལས་ཉུང་སུ་ཅིག་སྦེ་འཐོབ་ནི་ཨིན་རུང་ ཟླ་ངོ ༣ གྱི་ཧེ་མ་ལས་མཚམས་འཇོག་འབད་བ་ཅིན་ ཚོང་མགྲོན་པ་གིས་་ སྐྱེད་འདི་ཐོབ་ལམ་མེདཔ་ཨིན།
ཡིག་ཆ་ཚང་དགོཔ།
ཁྱད་ཚད། | ཡིག་ཆ་དགོཔ། |
---|---|
རང་སོ་སྒེར་གྱི་རྩིས་ཁྲའི་དོན་ལུ། | ཆ་གནས་ཡོད་པའི་ལམ་ཡིག/མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ། པར་གཉིས་དགོ གན་རྒྱའི་འགྲེམས་རྟགས། |
འབྲུག་པའི་མི་ཁུངས་མ་ཡིན་པའི་མི་ངོམ། | ལཱ་གི་ཆོག་ཐམ་གྱི་འདྲ། ལམ་ཡིག་གི་འདྲ། གན་རྒྱའི་འགྲེམས་རྟགས། པར་གཉིས་དགོ། |
ཨ་ལོའི་རྩིས་ཁྲའི་དོན་ལུ། | ཕམ་ཡང་ན་བདག་འཛིན་པའི་ཆ་གནས་་ཡོད་པའི་ལམ་ཡིག/མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ། བདག་འཛིན་པའི་པར་གཉིས། ཨ་ལོའི་གསོ་བའི་ལག་ཁྱེར། |