མི་ཚེ་འདི་ནང་ བདེ་ཉམས་ཅན་དང་ག་ཅི་ཐད་ལས་འབད་རུང་ སྟབས་བདེ་ཏོག་ཏོ་ཡོད་པ་ཅིན་ མི་ཚོ་འདི་ག་ནི་བ་དགའ་ཏོག་ཏོ་ཅིག་སྦེ་བཟོ་དོ་ཡོདཔ་ལས་ ཉོ་སྤྱོད་པའི་བསྐྱིན་འགྲུལ་འདི་ ཁྱིམ་ནང་ལུ་ཉེ་བར་མཁོ་བའི་ཅ་ཆས་ གོ་ལ་འཁྱུ་བཤལ་འཕྲུལ་ཆས། འཁྱེག་སྒྲོམ། བསིལ་གཡབ་(ཨེ་སི) རྒྱང་མཐོང་ཀྲི་བཱི་ དང་གློག་ཐབ་ཚུ་ཉོ་ནིའི་དོན་ལུ་ དངུལ་གྱི་ཐབས་ལམ་འཇམ་ཤོས་ཅིག་ཨིནམ་ལས་ རང་ལུ་དགོ་པའི་ཅ་ལ་ཚུ་མཁོ་སྒྲུབ་འབད་ནིའི་དོན་ལུ་ བསྐྱིན་འགྲུལ་གྱི་འགོ་སྐབས་ལེན་གནང་།
ཁྱད་ཚད།
- གཞུང་གི་ལས་ཁུངས་དང་ལས་འཛིན་ མཉམ་འབྲེལ་ཡིག་ཚང་ སྒེར་གྱི་ཚོང་ལས་ཁག་ གཞུང་མིན་ལས་ཚོགས་ འཛམ་གླིང་རྒྱལ་སྤྱིའི་ཡིག་ཚང་ རང་སྐྱོང་ལས་སྡེ་ཚུ་ནང་ གཏན་འཇགས་ཀྱི་ལཱ་གཡོག་ཡོད་མི་ (འབྲུག་དང་ཕྱི་མི) དང་ དགོངས་ཞུ་དང་འཚོ་རྟེན་མ་དངུལ་གྱི་ཐོབ་ཐངས་ཡོད་མི་ཆ་མཉམ་གྱིས་ བསྐྱིན་འགྲུལ་གོ་སྐབས་འདི་ལེན་ཚུགས།
- ཁག་ལེན་མི། གཞུང་གཡོག་ནང་ལུ་ཕྱག་ཞུ་མི་ཞི་གཡོགཔ་ཅིག་དགོ་པའི་ཁར་ བསྐྱིན་འགྲུལ་ལེན་མི་ཁོ་ར་དང་སྡེ་རིམ་འདྲ་མཉམ་དང་ཡང་ན་ མཐོ་མི་ཅིག་དགོ་པའི་ཁར་ ལྷན་ཁག་གཅིག་དང་གཞུང་གཡོགཔ་ནང་ལུ་ ཉུང་ཤོས་ལོ་གསུམ་གྱི་རིང་ལུ་ ཕྱག་ཞུ་ནི་གཏན་ཁེལ་ཡོད་མི་ཅིག་དགོཔ་ཨིན། ཡང་ན་ འོག་ལུ་བཀོད་དེ་ཡོད་མི་ལྟར་དུ་གནས་དགོ
- གནས་ཚིག གཞུང་གཡོག་རྐྱབ་མི་ག་ཨིན་རུང་ གཡོག་ནང་འཛུལ་ཏེ་ ལོ་ ༣ དང་དེ་ལས་ལྷག་མི་ཚུ་ འཚོ་རྟེན་མ་དངུལ་དང་དགོངས་ཞུའི་གསོལ་རས་ཡོད་མི་ཚུ་ ཁག་ལེན་མི་དགོཔ་ཨིན།
- ལུང་ཕྱོགས་དང་རྫོང་ཁག་ཚུ་ནང་ཡོད་པའི་ གཞུང་གཡོགཔ་གོངམ། རྩ་ཁྲིམས་ཅན་གྱི་གཙུག་སྡེའི་འཁོ་འཛིན་ཚུ་གི་དོན་ལུ་ ཁག་ལེན་མི་དེ་ཡང་ འོག་ལུ་གསལ་ཏེ་ཡོད་མི་ལྟར་དུ་དགོཔ་ཨིན།ལྷན་ཁག་དང་རྫོང་གཅིག་ནང་ལས་ སྡེ་རིམ་གཅིག་པ་དང་ ཡང་ན་ སྡེ་རིམ་མཐོ་ཤོས་ཅིག་དགོ
- ལུང་ཕྱོགས་ཡིག་ཚང་ནང་ལས་ འགོ་དཔོན་གོངམ་ཅིག་དགོ
- གཞན་ཡང་གཞུང་གཡོགཔ་གང་རུང་ཅིག་ནང་ལས་དགོ
- གཞུང་དབང་ཚོང་ལས།
- འབྲུག་གི་དངུལ་ཁང་ལས་གཞན་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་བདག་དབང་འོག་ལུ་ཡོད་པའི་ལས་སྡེ།
དྲན་གསོ། འབྲེལ་ཡོད་ཚུ་གིས་ ཁག་ལེན་མི་འཚོལ་ནིའི་དོན་ལུ་ གོང་ལུ་བཀོད་དེ་ཡོད་པའི་ གོ་རིམ་ལྟར་དུ་དུ་མཛད་དགོ།
བསྐྱིན་འགྲུལ་གྱི་ཚད།
ཁྱད་ཚད་ཅན་གྱི་ཚད་གཞི | ཚད། |
---|
ཟླཝ་ ༦ ལས་ ལོ་ ༡ ཚུན | ༡༠༠,༠༠༠ |
ལོ་ ༡ ལས་ ༣ ཚུན | ༢༠༠,༠༠༠ |
ལོ་ ༣ལས་ཡར་ལྟབ། | ༥༠༠,༠༠༠ མི་ངོམ་གྱི་ཟླ་རིམ་གྱི་དངུལ་ཕོགས་དང་འཁྲིལ་ཐོབ། |
སྐྱེད།
བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།
བསྐྱིན་འགྲུལ་གྱི་ལོ་ཚད།
བསྐྱིན་འགྲུལ་འདི་ མཐོ་ཤོས་རང་ལོ་ ༥ འི་རིང་ལུ་ཐོབ།
ཡིག་ཆ་དགོཔ།
- བསྐྱིན་འགྲུལ་ལེན་མི་འདི་གིས ཉོ་སྤྱོད་པའི་བསྐྱིན་འགྲུལ་གྱི་འབྲི་ཤོག་བསྐང་དགོ
- བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་(ཁག་ལེན་མི་འདི་ བསྐྱིན་འགྲུལ་ལེན་མི་དང་སྡེ་རིམ་དོ་མཉམ་ཅིག་དང་ ཡང་ན་ དེ་ལས་མཐོ་མི་ ཡིག་ཚང་གཅིག་ནང་ལཱ་འབད་མི་ཅིག་དགོ) བསྐྱིན་འགྲུལ་ལེན་མི་འདི་གི་གཉིས་ཆ་ར་གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་དགོ
- བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་གཉིས་ཀྱི་ གཡོག་བསྐོས་བཀའ་རྒྱ།
- བསྐྱིན་འགྲུལ་ལེན་མི་གི་ད་རེས་ཁམས་ཅིག་ཁར་བཏབ་ཡོད་པའི་པར།
- བསྐྱིན་འགྲུལ་ལེན་མི་འདི་གིས་ ཁོ/མོ་རའི་ཡིག་ཚང་/གཡོག་སྤྲོད་མི་ལུ་ བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ ཟླ་རིམ་བཞིན་དུ་དངུལ་ཕོགས་འདི་ནང་ལས་ རྟོགས་ཆོག་པའི་གནང་བའི་ཡི་གུ།
- བསྐྱིན་འགྲུལ་ལེན་མི་གི་གཡོག་སྤྲོད་མི་/ཡིག་ཚང་ཁ་ཐུག་ལས་ ཟླ་རིམ་བཞིན་དུ་བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ མི་ངོ་དེ་གི་དངུལ་ཕོགས་ནང་ལས་ལས་རྟོགས་ཏེ་ དངུལ་ཁང་ནང་བཙུགས་ནི་ཨིན་པའི་ཡི་གུ
- བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་གཉིས་ཆ་ར་གི་ ཚུལ་མཐུན་སྦེ་བསྐང་ཡོད་མི་དངུལ་ཕོགས་ཀྱི་འཛིན་གྱི་ཤོག་དང་ དེ་གུར་ དངུལ་ཕོགས་སྤྲོད་མི་འགོ་དཔོན་གྱི་མཚན་རྟགས་དང་ཐིའུ་ དེ་ལས་ གྲོས་འཆར་བཀོད་དེ་ཡོད་མི་ཚུ་དགོ