ཐད་ཀར་དུ་ དུས་ཡུན་ཐུུང་ཀུ་ཅིག་གི་ནང་འཁོད་ནང་ལུ་ མ་དངུལ་མགྱོགས་དྲགས་སྦེ་དགོཔ་འཐོན་པ་ཅིན་ འབྲུག་གི་དངུལ་ཁང་གི་ཕུལ་ཏེ་ཡོད་པའི་ འཐེབ་བཏོན་སྤྲོད་དངུལ་གྱི་བསྐྱིན་འགྲུལ་གྱི་མཐུན་རྐྱེན་འདི་སྤྱོད་གནང་། བསྐྱིན་འགྲུལ་འདི་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ཨིནམ་ལས་ བསྐྱིན་འགྲུལ་འདི་ལེན་ནིའི་དོན་ལུ་ ཡིག་ཆ་ཚུ་ཡང་ལེ་ཤ་ཚང་དགོཔ་མེད་པའི་ཁར་ དུས་ཡུན་ཐུང་ཀུ་ཅིག་ནང་ མ་དངུལ་ཚུ་འཇམ་ཏོང་ཏོ་སྦེ་འཐོབ་ཚུགས།
ཁྱད་ཚད།
ཁག་འབགཔ་གི་ལཱ་གཡོག་དང་མཁོ་སྤྲོད་ཀྱི་བཀའ་རྒྱ་ཐོབ་ཡོད་པའི་ ཁག་འབགཔ་ག་ར་གིས་ བསྐྱིན་འགྲུལ་འདི་འཐོབ་ཚུགས།
བསྐྱིན་འགྲུལ་གྱི་ཚད།
ཁག་འབག་ལཱ་ ཡང་ན་མཁོ་སྤྲོད་ཀྱི་བཀའ་རྒྱའི་རིན་གོང་ལས་ བརྒྱ་ཆ་ ༦༠ ལས་ ༧༠ གི་བར་ན་འཐོབ་ཚུགས།
སྐྱེད།
བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།
བསྐྱིན་འགྲུལ་གྱི་ལོ་ཚད།
ལོ་གཅིག་ཡང་ན་ ལཱ་འབད་འཕྲོ་ཡོད་པའི་ ཁག་འབགཔ་གི་ལཱ་གི་དུས་ཡུན་ཚུན།
ཡིག་ཆ་ཚང་དགོཔ།
- བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་གི་མི་ཁུངས་ངོ་སྤརོད་ལག་ཁྱེར་གྱི་འདྲ།
- བསྐྱིན་འགྲུལ་ལེན་མི་གི་པར་གསརཔ་གཅིག
- དངུལ་ཁང་ནང་ ཉེན་སྲུང་གི་དོན་ལུ་གཏའ་མ་བཙུགས་ཡོད་པའི་བདག་དབང་གི་ལག་ཁྱེར།
- རྒྱུ་ནོར་གྱི་རིན་གོང་བཟོ་ཡོད་མི།/བརྟག་ཞིབ།/སྔོན་རྩིས་བཏོན་པའི་ལག་ཁྱེར།
- ལཱ་གི་བཀའ་རྒྱའི་འདྲ།/མཁོ་སྤྲོད་བཀའ་རྒྱ་དང་གཅིག་ཁར་ འབྲེལ་བ་ཡོད་པའི་ གན་ཡིག་གི་ཤོག་ལེབ་ཚུ་བཙུགས་དགོ
- རིན་བསྡུར་འབད་ཡོད་གནས་གོང་ཡིག་ཆ་/འཛིན་ཤོག་གི་འདྲ།
- ལཱ་སྤྲོད་མི་ལས་སྡེ་ཧོངས་ལས་ ཨར་ཨེ་གི་རྩིས་ཐོ་ཚུ་ དངུལ་ཁང་ཐོག་ལས་བརྒྱུད་དེ་སྤརོད་ནིའི་ཨིན་པའི་ འགན་ལེན་གྱི་ཡི་གུ
- ཚོང་གི་ཆོག་ཐམ་གྱི་འདྲ།
- བཙོང་ཆས་ཀྱི་རྩིས་ཐོ་དང་ བདག་སྲུང་འབད་ཡོད་པའི་བུ་ལོན་ལེན་མི་(ལོ་གྲངས་ལྟར་དུ) དེ་ལས་ ད་རེས་ནངས་པ་ཁམས་ཅིག་ཁར་བསྐྱིན་འགྲུལ་བྱིན་མི་ལ་སོགས་པ་ཚུ་གི་ཐོ།
- འདས་པའི་ཟླཝ་ ༡༢ ཀྱི་ཉོ་བཙོང་གི་སྙན་ཞུ།
- འོང་འབབ་དང་ཟད་འགྲོ་/འདས་པའི་ལོ་ ༢ ཀྱི་ ཁེ་དང་གུད་དེ་ལས་བྱུང་ཟད་རྩིས་ཤོག (གདམ་ཁ་འདི་རྩིས་ཞིབ་འབད་མི་འདི་ཨིན)
- ཟླ་ངོ་ ༡༢ ཀྱི་རིང་ལུ་ བཙོང་ནི་དང་མཁོ་སྒྲུབ་འབད་ནིའི་ཕོ་ཚད་བཏོན་ཡོད་མི།