༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

གཞུང་གཡོགཔ་ནང་ལུ་ཕྱག་ཞུ་མི་ཚུ་གིས་ ད་ལས་ཕར་ སྣུམ་འཁོར་ཆུང་བ་ འཁོལ་ལོ་གཉིས་འབད་མི་དང་བཞི་འབད་མི་ཚུ་མཁོ་སྒྲུབ་འབད་ནིའི་དོན་ལུ་ ག་ནི་བ་ དུས་ཡུན་ཡང་སྟབས་བདེ་ཏོག་ཏོ་འབད་མི་བསྐྱིན་འགྲུལ་འདི་འཐོབ་ཚུགས། དེ་ཡང་ ཞི་གཡོགཔ་ཚུ་གི་ རང་གི་ནང་མི་བཟའ་ཚང་ཚུ་གི་ མི་ཚེ་འདི་ག་ནི་བ་སྟབས་བདེ་ཏོག་ཏོ་དང་དགའ་ཏོག་ཏོ་བཟོ་ཐབས་ལུ་དམིགས་ཏེ་ཨིན།

ཁྱད་ཚད

ཞིབ་བལྟའི་དུས་ཡུན་ཚང་མི་ དུས་རྒྱུན་གྱི་ཞི་གཡོག་ག་ར་གིས་ བསྐྱིན་འགྲུལ་འདི་འཐོབ་ཚུགས།

བསྐྱིན་འགྲུལ་གྱི་ཚད

སྣུམ་འཁོར་གྱི་རིན་གོང་ཡོངས་བསྡོམས་ལས་ བརྒྱ་ཆ་ ༣༠ འཐོབ།

སྐྱེད།

བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།

བསྐྱིན་འགྲུལ་གྱི་གནས་ཡུན།

  • བསྐྱིན་འགྲུལ་འདི་ ལོ་ ༥ གི་དུས་ཡུན་གྱི་རིང་ལུ་འཐོབ།
  • སྣུམ་འཁོར་རྙིངམ་ཉོ་ནིའི་དོན་ལུ་ ལོ་ ༣ གི་དུས་ཡུན་གྱི་རིང་ལུ་འཐོབ།

ཡིག་ཆ་ཚང་དགོཔ།

  • ཚུལ་མཐུན་སྦེ་བསྐང་ཡོད་པའི་ བསྐྱིན་འགྲུལ་གྱི་ཞུ་ཡིག་འབྲི་ཤོག
  • བསྐྱིན་འགྲུལ་ལེན་མི་དང་ ཁག་ལེན་མི་གཉིས་ཀྱི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • བསྐྱིན་འགྲུལ་ལེན་མི་གི་པར་གསརཔ་གཅིག་དགོ།
  • སྣུམ་འཁོར་གསརཔ་ཉོ་ནི་ཨིན་པ་ཅིན་ གནང་བ་ཡོད་པའི་སྣུམ་འཁོར་གྱི་ཚོང་པ་ཚུ་ལས་ རིན་བསྡུར་འབད་ཡོད་པའི་གནས་གོང་ཡིག་ཆ་/འཛིན་ཤོག
  • བསྐྱིན་འགྲུལ་ལེན་མི་འདི་གིས་ ཁོ/མོ་རའི་ཡིག་ཚང་/གཡོག་སྤྲོད་མི་ལུ་ བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ ཟླ་རིམ་བཞིན་དུ་དངུལ་ཕོགས་འདི་ནང་ལས་ བཏོག་ཆོག་པའི་གནང་བའི་ཡི་གུ།
  • བསྐྱིན་འགྲུལ་ལེན་མི་གི་གཡོག་སྤྲོད་མི་/ཡིག་ཚང་ཁ་ཐུག་ལས་ ཟླ་རིམ་བཞིན་དུ་བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ མི་ངོ་དེ་གི་དངུལ་ཕོགས་ནང་ལས་ལས་བཏོག་སྟེ་ དངུལ་ཁང་ནང་བཙུགས་ནི་ཨིན་པའི་ཡི་གུ
  • ཚུལ་མཐུན་སྦེ་བསྐང་ཡོད་པའི་ དངུལ་ཕོགས་ཀྱི་འཛིན་གྱི་ཤོག་གསརཔ་དང་ དེ་གུར་ དངུལ་ཕོགས་སྤྲོད་མི་འགོ་དཔོན་གྱི་མཚན་རྟགས་དང་ཐིའུ་ དེ་ལས་ གྲོས་འབུལ་ཚུ་དགོ