༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

ཡོངས་འབྲེལ་ལས་བརྟེན་ཏེ་ ཚོང་ལཱ་ཚུ་ཡང་ འཛམ་གླིང་གི་ཚོང་ལམ་འདི་ནང་ཁྱབ་ཚུགས་ནིའི་དོན་ལུ་ ཡོངས་འབྲེལ་ཐོག་ལས་ཚོང་འབྲེལ་འཐབ་དོ་ཡོདཔ་ལས་ ཡོངས་འབྲེལ་ནང་ཡོད་པའི་ ཚོང་མགྲོན་པ་ཚུ་གིས་ཡང་ ཡོངས་འབྲེལ་ཐོག་ལས་ ཉོ་བཙོང་འཐབ་སྟེ་ དངུལ་ཚུ་ཡང་ ཚོང་ཉོ་བཙོང་གི་དོན་ལུ་ དངུལ་ཚབ་དང་དངུལ་སྤྲོད་ཀྱི་དངུལ་བྱང་ཚུ་ལག་ལེན་འཐབ་སྟེ་སྤྲོད་དོ་ཡོདཔ་ཨིན།

འབྲུག་གི་དངུལ་ཁང་ཚད་འཛིན་གྱིས་ སྤྱི་ལོ་ ༢༠༡༢ ལུ་ རྒྱལ་སྤྱི་དངུལ་ཚབ་དང་དངུལ་སྤྲོད་ཤོག་བྱང་འདི་འགོ་བཙུགས་ཏེ་ཡོད་མི་ལུ་བརྟེན་ ཡོངས་འབྲེལ་ཐོག་ལས་ ཅ་ལ་ཉོ་ནི་དང་ཚོང་སྒྱུར་འཐབ་ནི་འབད་ཚུགསཔ་སྦེ་བའོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་ལུ་ ཡོངས་འབྲེལ་ཐོག་ལས་དངུལ་སྤྲོད་ནིའི་ཞབས་ཏོག་ཕུལ་མི་མེད་མི་ལུ་བརྟེན་ འབྲུ་གཔའི་ཚོང་པ་ཚུ་ (ཟ་ཁང་། མཁའ་འགྲུལ་ལས་སྡེ། ལྟ་བཤལ་ལས་སྡེ། ལག་བཟོའི་ཚོང་ཁང་།) ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ ཁོང་རའི་ཐོན་སྐྱེད་དང་ཞབས་ཏོག་ཚུ་ ཡོངས་འབྲེལ་ཐོག་ལས་ཚོང་སྒྱུར་འཐབ་མ་ཚུགས་པར་ལུས་ཡོདཔ་ཨིན།

ད་འབྲུག་གི་དངུལ་ཁང་ཚད་འཛིན་གྱིས་ ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ལེན་གྱི་ཞབས་ཏོག་འཕུལ་ནི་འགོ་བཙུགས་ཏེ་ཡོདཔ་ལས་ འབྲུག་གི་དངུལ་ཁང་དང་ཐོ་བཀོད་ཡོད་པའི་ ཚོང་འབྲེལ་པ་ཚུ་གིས་ཁོང་རའི་ཐོན་སྐྱེད་ཚུ་ ཡོངས་འབྲེལ་ཐོག་ལས་ཚོང་འབྲེལ་འཐབ་ནི་དང་ ཡོངས་འབྲེལ་ཐོག་ལས་ དངུལ་ཚུ་སྤྲོད་ལེན་འབད་ནི་ནང་ལུ་ ཕན་གྲོགས་འབད་ཚུགས། གནམ་གྲུ་གི་ཤོག་འཛིན་བཏོག་ནི། གནས་ཁང་གི་ཁང་མིག་བདག་སྲུང་འབད་ནི། ཡོངས་བསྒྲིལ་བལྟ་བཤལ་ལ་སོས་པའི་ཐོན་སྐཻད་དང་ཞབས་ཏོག་ཚུ་ རྒྱལ་སྤྱི་དང་རྒྱལ་ཁབ་ནང་འཁོད་ལུ་ སྐྱོད་ཐམ།/མཱསི་ཀཱཌ་ལག་ལེན་འཐབ་སྟེ་ ཡོངས་འབྲེལ་ཐོག་ལས་ ཚོང་འབྲེལ་འཐབ་ཚུགས། འབྲེལ་ཡོད་ཡིག་ཚང་གི་ ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ནིའི་དོན་ལུ་ཐོ་བཀོད་འབད་བ་ཅིན་ མཐུན་རྐྱེན་གྱི་སྤྱོད་འཐུས།/ཁྲལ།/འོང་འབབ་ཀྱི་ཁྲལ་སྤྲོད་ནི་དང་བསྡུ་ལེན་འབཐ་ནི་ཚུ་ཡང་ ཡོངས་འབྲེལ་ཐོག་ལས་འབད་ཚུགས།

འབྲུག་གི་དངུལ་ཁང་ཚད་འཛིན་གྱིས་ རྒྱལ་སྤྱི་ནང་ལུ་ངོས་ལེན་ཡོད་འི་ དངུལ་སྤྲོད་ནིའི་ཐབས་ལམ་ཚུ་ཕུལ་དོ་ཡོདཔ་ད་ རྒྱལ་སྤྱི་ཉེན་སྲུང་གནས་ཚད་ དངུལ་སྤྲོད་ནིའི་ཤོག་བྱང་གི་བཟོ་གྲྭ་དང་བརྡ དོན་ཉེན་སྲུང་གི་གནས་ཚད་ཀྱི་ངོ་སྦྱོར་འབད་དེ་ཡོདཔ་ཨིན། བཀོད་རྒྱ་ཕྱིར་ཐོན་/དབྱེ་ཞིབ་འབཐ་བའི་སྐབས་ལུ་ དངུལ་སྤྲོད་ནིའི་བརྡ་དོན་ཚུ་ དངུལ་སྤྲོད་ཀྱི་ཤོག་བྱང་གི་ཨང་གྲངས་དང་མིང་ དེ་ལས་ ཁ་བྱང་ཚུ་ཡང་ གསང་ཨང་ཐོག་ལས་ ཉེན་སྲུང་ཅན་གྱི་འཕྲུལ་ཆས་བརྗེ་སོར་གྱི་གཞི་བཀོད་ཐོག་ལས་འབད་དོ་ཡོདཔ་ཨིན། ཉེན་སྲུང་ཅན་གྱི་འཕྲུལ་ཆས་བརྗེ་སོར་གྱི་གཞི་བཀོད་ཀྱི་རིང་ལུགས་འདི་ ང་བཅས་ལུ་བཏང་ཡོད་པའི་ བརྡ་དོན་ཚུ ཕར་ཚུར་སྤྲོད་ལེན་འབད་བའི་སྐབས་ལུ་ སྒེར་དབང་སྦེ་རང་བཞག་ཐབས་དང་ གཞན་ག་གིས་ཡང་ མ་ཤེསཔ་སྦེ་བཞག་ནིའི་ བཟོ་གྲྭའི་གནས་ཚད་ཀྱི་འཕྲུལ་རིག་ཅིག་ཨིན། འདི་ནང་ ཡོངས་འབྲེལ་ཐོག་གི་དངུལ་སྤྲོད་ལེན་འདི་ ཉེན་སྲུང་དང་ལྣམ་སྦེ་བཟོ་ནིའི་དོན་ལུ་ སྐྱོད་ཐམ་དང་མཱསི་ཊར་ཀཱཌ་གི་ཉེན་སྲུང་ཅན་གྱི་གསང་ཨང་ ཐི་རི་དྲི་གི་ཉེན་སྲུང་གི་མཐུན་རྐྱེན་ཚུ་ཡང་ཡོདཔ་ཨིན།

འབྲུག་གི་དངུལ་ཁང་ཚན་འཛིན་གྱི་ དངུལ་སྤྲོད་ནིའི་ཐབས་ལམ་འདི་ ཚོང་འབྲེལ་པའི་ཡོང་འབྲེལ་ནང་ལུ་ མཉབ་སྡེབ་འབད་བའི་ཤུལ་ལུ་ ཚོང་འབྲེལ་པ་ཚུ་གིས་ ཁོང་རའི་ཚོང་མགྲོན་པ་ཚུ་ལུ་ ཚོང་ཉོ་ནིའི་ཏབས་ཏོག་འདི་ འཇམ་ཏོང་ཏོ་དང་ཡར་དྲག་བཏང་ཡོདཔ་ད་ ཡོངས་འབྲེལ་ཐོག་ལས་ཚོང་ཉོ་ནི་འདི་ ག་ནི་བ་འཇམ་དོ་ཡོདཔ་ལས་ མི་མང་ཤོས་ཀྱིས་རང་ ཅ་ལ་ཚུ་ ཡོངས་འབྲེལ་ཐོག་ལས་རང་ མཁོ་སྒྲུབ་འབད་དོ་ཡོདཔ་ཨིན།

ཁེ་ཕན།

འབྲུག་གི་དངུལ་ཁང་གི་ཚོང་འབྲེལ་པ་ཚུ་གིས་ འོག་ལུ་འཁོད་དེ་ཡོད་པའི་ཁེ་ཕན་ཚུ་ཐོབ་ཚུགས།

  • དངུལ་ལོར་འབག་མ་པར་དངུལ་སྤྲོད་ལེན་འབད་ཚུགས།
  • ཡོངས་འབྲེལ་ཐོག་ལས་ཚོང་འབྲེལ་འཐབ་ནི་འདི་ འཇམ་ཏོང་ཏོ་དང་མགྱོགས་བཟོ་སྟེ་ དངུལ་སྤྲོད་ལེན་གྱི་ཚུ་ཡང་དངོས་སུ་མཐོང་ཚུགས།
  • དུས་ཡུན་ ༢༤ ཀྱི་རིང་ལུ་ཚོང་མགྲོན་པ་ཚུ་ཞབས་ཏོག་ཕུལ་ཚུགས།
  • ཚོང་ལམ་འདི་རྒྱལ་སྤྱི་ནང་ལུ་ལྷོད་ཚུགས།
  • བདག་སྐྱོངས་ཀྱི་ལཱ་དང་དུས་ཚོད་ཚུ་འཕྲོ་བརླག་མ་གཏང་པར་ ལེགས་ཤོམ་སྦེ་འཛིན་སྐྱོང་འཐབ་ཚུགས།
  • འཛམ་གླིང་གི་གནས་ཚད་ནང་ལུ་ངོས་ལེན་ཡོད་པའི་དངུལ་སྤྲོད་ནིའི་རིམ་ལུགས་ཐོབ་ཚུགས།

ཚོང་མགྲོན་པ་ཚུ་གིས་ འོག་གི་ཁེ་ཕན་ཚུ་ཐོབ་ཚུགས།

  • ས་གནས་ག་སྟེ་ལས་འབད་རུང་ དུས་ནམ་དགོཔ་ཅིག་ སྟབས་བདེ་ཏོག་ཏོ་སྦེ་ ཉོ་ཚོང་འཐབ་ནི་དང་ བདག་དབང་སྲུང་ནི་ཚུ་འདབ་ཚུགས།
  • ཚོང་ཚུ་འཇམ་ཏོང་ཏོ་དང་མགྱོགས་དྲགས་སྦེ་ཉོ་ཚུགས།
  • ས་གནས་ཀྱི་ཚོང་ཁང་ནང་ལུ་མེད་མི་ཚུ་ སྣ་མང་གི་ཐོན་སྐྱེད་ཚུ་ ཡོངས་འབྲེལ་ནང་ལུ་ཐོབ་ཚུགས།
  • རྒྱལ་སྤྱི་གི་ཚོང་ལམ་ནང་ལྷོད་ཚུགས།

སྔ་གོང་ལས་ཚང་དགོཔ།

དང་འདོད་ཡོད་པའི་ ཚོང་འབྲེལ་པ་ཚུ་གིས་ འབྲུག་གི་དངུལ་ཁང་ཚད་ཀྱི་དངུལ་སྤྲོད་ནིའི་ཐབས་ལམ་སྤྱོད་ནིའི་དོན་ལུ་ འོག་གི་དགོས་མཁོ་ཚུ་ཚང་དགོཔ་ཨིན།

  • དང་འདོད་ཡོད་པའི་ ཚོང་འབྲེལ་པ་ཚུ་གིས་ འབྲུག་གི་དངུལ་ཁང་ཚད་ཀྱི་དངུལ་སྤྲོད་ནིའི་ཐབས་ལམ་སྤྱོད་ནིའི་དོན་ལུ་ འོག་གི་དགོས་མཁོ་ཚུ་ཚང་དགོཔ་ཨིན།
  • ལག་ལེན་འཐབ་བཏུབ་པའི་ མཁས་རིག་ཅན་གྱི་ཡོངས་འབྲེལ་འཆར་སྒོ།
  • ལག་ལེན་འཐབ་བཏུབ་པའི་མཁོ་སྒྲུབ།/བདག་སྲུང་འབད་ནི་ཐབས་ལམ་ཡོད་པའི་ཡོངས་འབྲེལ་འཆར་སྒོ།
  • ཚོང་འབྲེལ་པ་གིས་འབྲུག་གི་དངུལ་ཁང་གི་ ཡོང་འབྲེལ་གྱི་ཚོང་འབྲེལ་ནང་ལུ་གྲལ་བཙུགས་འབད་དགོ།

– འབྲུག་གི་དངུལ་ཁང་ཚད་འཛིན་གྱི་ ཡོངས་འབྲེལ་ཐོག་ལས་ དངུལ་སྤྲོད་ནིའ་ཐབས་ལམ་དེ་ཡང་ གནས་ཁང་ལ་སོགས་པའི་ཚོང་གི་ཞབས་ཏོག་ བདག་དབང་སྲུང་ནིའི་དོན་ལུ་ ལག་ལེན་འཐབ་བཏུབ་པའི་ འབྲེལ་མཐུན་ཐོག་ལས་བཟོ་ཡོད་པའི་ འཕྲུལ་ཆས་ཅིག་སྦེ་ཡང་ཧ་གོ་བཏུབ་ནི་དང་ ཡང་ན།

– ཡོངས་འབྲེལ་དང་བདག་སྲུང་གི་འཕྲུལ་ཆས་བཟུམ་མའི་ནང་ལས་ བདག་དབང་ཚུ་མ་སྲུང་རུང་ ཚོང་འབྲེལ་པ་ཚུ་གིས་ དངུལ་ལེན་ནི་ནང་ལུ་ ངོས་ལེན་འབད་བཏུབ།

ང་བཅས་ཀྱིས་ འོག་ལུ་བཀོད་དེ་ཡོད་པའི་ འཛམ་གླིང་ནང་གི་དངུལ་བྱང་ཚུ་ངོས་ལེན་འབདཝ་ཨིན།

  • སྐྱོད་ཐམ་དང་མཱསི་ཊར་ཀཱཌ་ཀྱི་ངོ་རྟགས་ཡོད་མི་དང་ དངུལ་སྤྲོད་ཤོག་བྱང་གི་མཉམ་འབྲེལ་གྱི་ངོ་རྟགས་ཡོད་མི།
  • སྐྱོད་ཐམ་དང་མཱསི་ཊར་ཀཱཌ་ཀྱི་ངོ་རྟགས་ཡོད་མི་དང་ དངུལ་ཚབ་ཤོག་བྱང་གི་མཉམ་འབྲེལ་གྱི་ངོ་རྟགས་ཡོད་མི།

ག་དེ་སྦེ་རང་ལག་ལེན་འཐབ་བཏུབ་སྨོ

ཞབས་ཏོག་དེ་གིས་ ཚོང་ཉོ་མི་དང་ཚོང་དཔོན་གཉིས་བར་ན་ དངུལ་སྤྲོད་ལེན་གྱི་ལཱ་འཇམ་ཏོང་ཏོ་བཟོཝ་ཨིན། དངུལ་སྤྲོད་ཀྱི་ཐབས་ལམ་འདི་གིས་ ཚོང་འབྲེལ་པའི་ཡོངས་འབྲེལ་འཆར་སྒོ་དང་ དངུལ་ཁང་གཉིས་ཀྱི་པར་ན་ ཐད་ཀར་གྱི་འབྲེལ་བ་བཟོ་མི་འདི་གིས་ ཁྱོད་ཀྱི་ཞབས་ཏོག་ལག་ལེན་འཐབ་སྟེ་སྤྲོད་ཡོད་པའི་མ་དངུལ་འདི་ དངུལ་ཁང་གིས་ཚོང་དཔོན་གྱི་རྩིས་ཁྲ་ནང་ལུ་བཙུགསཔ་ཨིན།

དཔེན་ན། མི་གཅིག་གིས་ གནམ་གྲུའི་ཤོག་འཛིན་བཏོག་ནི་ཨིན་པ་ཅིན་ ཁོ་ཡང་ན་མོ་གིས་ འབྲུག་ཨེ་ཡར་དང་ཡང་ན་ བཱོ་ཊན་ཨེ་ཡར་ལཱེཎསི་ནང་ལས་ གནམ་གྲུ་གི་ཁ་གསལ་དང་སྤྱི་ཚེས་ཚུ་གདམ་ཁ་རྐྱབ་སྟེ་ འགྲོ་འགྲུལ་འབད་མི་ མི་ངོ་འདི་གི་ཁ་གསལ་ཚུ་བཙུགས་ཏེ་ ཡོངས་འབྲེལ་ཐོག་ལས་ བདག་དབང་སྲུང་ནིའི་ནང་ལུ་ཨེབ་ཅིག་ གདོང་ཤོག་འདི་གིས་ཕྲངམ་ཕྲང་ས་ འབྲུག་གི་དངུལ་ཁང་གིཚད་འཛིན་གྱི་དངུལ་སྤྲོད་ནིའི་གདོང་ཕྱོགས་འདི་གུར་ ཕྱོགས་སྟོན་འབད་འོང་། འདི་ནང་ སྐྱོད་ཐམ་དང་མཱསི་ཊར་ཀཱཌ་གཉིས་ལས་གདམ་ཁ་རྐྱབ་སྟེ་ དངུལ་སྤྲོད་ཤོག་བྱང་དང་དངུལ་ཚབ་ཤོག་བྱང་གང་རུང་གི་ཁ་གསལ་འདི་བཙུགས་ཏེ་ དངུལ་སྤྲོད་དགོཔ་ཨིན། དངུལ་སྤྲོད་ནིའི་འཕྲུལ་རྟ་གུར་ཨེབ་ཅིག་ ཁོ་ཡང་ན་མོ་གིས་ དངུལ་སྤྲོད་ཡོད་མི་འདི་ བདེ་དཔྱད་འབད་བའི་ཤུལ་ལུ་ མཐར་འཁྱོལ་ཅན་ཅིག་སྦེ་འགྱོ་ཡི་ག་དང་ མཐར་འཁྱོལ་ཅན་ཅིག་སྦེ་མ་འགྱོ་མི་གཉིས་ཀྱི་སྐོར་ལས་ གཏན་མཐའི་ལེན་གསལ་གཅིག་ཐོབ། གལ་སྲིད་དངུལ་འདི་མཐར་འཁྱོལ་ཅན་སྦེ་སྤྲོད་ཚུགས་ཏེ་ཡོད་པ་ཅིན་ ཁོ་ཡང་ན་མོ་གིས་ མཁའ་འགྲུལ་འགི་གི་ཡོངས་འབྲེལ་ནང་ལུ་ས་ཁོངས་དང་ཁྱོད་རའི་གློག་འཕྲིན་ཐོག་ལས་ ཡོངས་འབྲེལ་ཐོག་གི་ཤོག་འཛིན་འདི་ཐོབ་ཚུགས།

དྲན་གསོ། དྲན་གསོ། ང་བཅས་ཀྱི་ཚོང་འབྲེལ་པའི་འཐུས་ཀྱི་རིན་དེ་ཡང་ དངུལ་སྤྲོད་ལེན་འབད་ཡོད་ས་ལས་ བརྒྱ་ཆ་ལས་ ༣.༥ ཨིནམ་ད་ གནད་དོན་ཁ་གསལ་གྱི་དོན་ལུ་དང་འདྲི་དཔྱད་ཀྱི་དོན་ལུ་ ང་བཅས་ཀྱི་སྤྱོད་ཁྲལ་དགོངས་ཡངས་ཨང་ #༡༠༩༥/༠༢༣༣༢༥༨༩/ ༠༢༣༥༠༢༠༡ གི་ཐོག་ལས་འབྲེལ་བ་འཐབ་ནི་དང་ ཡང་ན་ card_team@bob.bt ཐོག་ལས་གློག་འཕྲིན་གཏང་གནང་།