༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

བི་ཨོ་བི་ནེཌ་ནང་ལུ་འབྱོན་པ་ལེགས་སོ། ཁྱོད་རའི་བདེ་ཉམས་ཅན་གྱི་ ཀམ་པུ་ཊར་ཐོག་ལས་ དངུལ་འབྲེལ་གྱི་ལཱ་འབད་ས། བི་ཨོ་བི་ནེཌ་གིས་ ཁྱོད་ལུ་ ས་གནས་ག་སྟེ་ལུ་འབད་རུང་ དུས་ནམ་དང་ནམ་རང་འབད་རུང་ དཀའ་ངལ་ག་ནི་མེད་པར་ དངུལ་འབྲེལ་གྱི་ལཱ་དང་ཞབས་ཏོག་ཚུ་སྤྱོད་ནིའི་ དལ་དབང་བྱིནམ་ཨིན། ཞབས་ཏོག་དེ་ཡང་ ཁྱོད་རའི་དངུལ་ལྷག་གཟིགས་ནི་དང་རྩིས་ཐོ་གི་ཡིག་པར་བཏབ་ནི་ འབྲུག་གི་དངུལ་ཁང་ནང་འཁོད་ཀྱི་ རྩིས་ཁྲ་ཚུ་དང་ འབྲུག་ནང་འཁོད་ཀྱི་ དངུལ་ཁང་ཚུ་གི་རྩིས་ཁྲ་ཚུ་ནང་ དངུལ་གཏོང་ལེན་འབད་ནིའི་ཞབས་ཏོག་ཕུལཝ་ཨིན།

ཞབས་ཏོག

༡༽ སིལ་ཚོང་པའི་ཡོངས་འབྲེལ་གྱི་དངུལ་འབྲེལ་གྱི་ལཱ།

འོག་ལུ་འཁོད་དེ་ཡོད་པའི་ཞབས་ཏོག་ཚུ་སྤྱོད་ནིའི་དོན་ལུ་ བི་ཨོ་བི་ནེཌ་ནང་ལུ་ཐོ་བཀོད་འབད་གནང་།

  • རྩིས་ཁྲའི་རྩིས་ཐོ་བལྟ་ནི་དང་ དངུལ་བཙུགས་ནི་ དེ་ལས་བསྐྱིན་འགྲུལ་གྱི་ཁ་གསལ་ཚུ་ཡོངས་འབྲེལ་ཐོག་ལས་བལྟ་ནི།
  • ཁྱོད་རའི་རྩིས་ཁྲ་དང་ གཞན་མི་ཚུ་གི་རྩིས་ཁྲ་ དེ་ལས་ འབྲུག་ནང་འཁོད་ཀྱི་དངུལ་ཁང་ཚུ་ནང་ དངུལ་གཏང་ནི།
  • དངུལ་འཛིན་དེབ་འཛིན་སྐྱོང་།
  • དངུལ་འཛིན་དེབ་གསརཔ་གི་དོན་ལུ་ཞུ་བ་འཕུལ་ནི།
  • ཡོངས་འབྲེལ་ཐོག་ལས་བསྐྱིད་འགྲུལ་ལོག་བཏབ་ནི།
  • དུས་རྒྱུན་དངུལ་བཙུགས་ནིའི་དོན་ལུ་བཀོད་རྒྱ་བཟོ་ནི།
  • རྩིས་ཐོ་གི་དངུལ་སྤྲོད་ནི།

༢༽ ལས་སྡེའི་ཡོངས་འབྲེལ་ཐོག་གི་དངུལ་འབྲེལ་ལཱ།

འོག་ལུ་འཁོད་དེ་ཡོད་པའི་ཞབས་ཏོག་ཚུ་སྤྱོད་ནིའི་དོན་ལུ་ བི་ཨོ་བི་ནེཌ་ནང་ལུ་ཐོ་བཀོད་འབད་གནང་།

  • རྩིས་ཁྲའི་རྩིས་ཐོ་བལྟ་ནི་དང་དངུལ་བཙུགས་ནི་ དེ་ལས་རྩིས་ཁྲའི་ཁ་གསལ་ཚུ་བལྟ་ནི།
  • ཁྱོད་རའི་རྩིས་ཁྲ་དང་ གཞན་མི་ཚུ་གི་རྩིས་ཁྲ་ དེ་ལས་ འབྲུག་ནང་འཁོད་ཀྱི་དངུལ་ཁང་ཚུ་ནང་ དངུལ་གཏང་ནི།
  • དངུལ་འཛིན་དེབ་འཛིན་སྐྱོང་།
  • དངུལ་འཛིན་དེབ་གསརཔ་གི་དོན་ལུ་ཞུ་བ་འཕུལ་ནི།
  • ཡོངས་འབྲེལ་ཐོག་ལས་བསྐྱིད་འགྲུལ་ལོག་བཏབ་ནི།
  • དུས་རྒྱུན་དངུལ་བཙུགས་ནིའི་དོན་ལུ་བཀོད་རྒྱ་བཟོ་ནི།
  • རྩིས་ཐོ་གི་དངུལ་སྤྲོད་ནི།
  • དངུལ་སྦུང་སྡེབ་སྦེ་སྤྲོད་ནི།

ཐོ་བཀོད་ཀྱི་བྱ་སྒོའི་རིམ་པ།

ཡོངས་འབྲེལ་ཐོག་གི་དངུལ་འབྲེལ་ལཱའི་ཞབས་ཏོག་གི་དོན་ལུ་ ག་དེ་སྦེ་ཐོ་བཀོད་འབད་དགོཔ་སྨོ?

  • རང་རྐྱང་གི་དོན་ལུ་ སིལ་ཚོང་པའི་ཡོངས་འབྲེལ་ཐོག་གི་དངུལ་འབྲེལ་ལཱ་གི་འབྲི་ཤོག་དང་ སྡེ་ཚན་གྱི་རྩིས་ཁྲའི་དོན་ལུ་ ལས་སྡེའི་ཡོངས་འབྲེལ་ཐོག་གི་དངུལ་འབྲེལ་ལཱ་གི་འབྲི་ཤོག་ཚུ་ཕབ་ལེན་འབད་དགོཔ་ད་ འབྲི་ཤོག་ཚུ་བསྐང་སྟེ་ ཉེ་འདབས་ཀྱི་འབྲུག་གི་དངུལ་ཁང་གི་ ཡན་ལག་ཡིག་ཚང་ནང་ལུ་བཙུགས་དགོ
  • ཡོངས་འབྲེལ་ཐོག་གི་དངུལ་འབྲེལ་ལཱ་གི་འབྲི་ཤོག་གི་དོན་ལུ་ འབྲུག་གི་དངུལ་ཁང་གི་ ཉེ་འདབས་ཡན་ལག་ཡིག་ཚང་ནང་ལུ་འབྱོན་རུང་བཏུབ།