༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

ཁྱོད་ཀྱིས་འབྲུག་གི་དངུལ་ཁང་གི་ དངུལ་སྔོན་སྤྲོད་འབད་ནིའི་ཤོག་བྱང་འདི་གདམ་ཁ་རྐྱབ་པ་ཅིན་ ཞབས་ཏོག་འདི་ག་ནི་འཇམ་ཏོང་ཏོ་དང་སྟབས་བདེ་ཏོག་ཏོ་སྦེ་ཡོད་མི་ཅིག་ཨིན། དེ་ཡང་ ཤོག་བྱང་འདི་ཡོད་པ་ཅིན་ ལཱ་ཁག་སྦེ་ཏི་རུ་འབག་མ་དགོ་པར་ ཁྱོད་རའི་བདེ་ཉམས་ཐོག་ལས་ དངུལ་སྔོན་སྤྲོད་ཀྱི་ཤོག་བྱང་ལག་ལེན་འཐབ་སྟེ་ དངུལ་ཚུ་སྤྲོད་ནི་གདམ་ཁ་ཕུལཝ་ཨིན།

ཁེ་ཕན།

  • དངུལ་བཏོན་ནིའི་དོན་ལུ་འཐུས་ཚུ་ག་ནི་ཡང་མི་ཕོག
  • མཱསི་ཊར་ཀཱཌ་ལག་ལེན་འཐབ་བཏུབ་པའི་ དངུལ་བཏོན་འཕྲུལ་ཆས་དང་ པི་ཨེསི་ཨོ་གི་ས་སྒོ་ དེ་ལས་ རྒྱ་གར་རྒྱལ་ཁབ་ནང་ལུ་ཡོངས་འབྲེལ་ཐོག་ལས་ ངོས་ལེན་འབདཝ་ཨིན།
  • ཁྱོད་རའི་ཤོག་བྱང་འདི་ ཡོངས་འབྲེལ་ཐོག་ལས་ འཛིན་སྐྱོང་འཐབ་ཚུགས།་
  • ཁྱོད་རའི་གཱི་རིན་གསང་ཨང་འདི་བཟོ་བཏུབ།་
  • དངུལ་བཏོན་རེ་བཏོན་ཚེ་ ཁྱོད་རའི་གློག་འཕྲིན་ཐོག་ལས་ཉེན་བརྡ་འབདཝ་ཨིན།

ཁྱད་ཚད།

  • འབྲུག་པའི་མི་ཁུངས་ངོ་སྤྲོད་ལག་ཁྱེར་ཡོད་པའི་འབྲུག་མི་ག་ར།
  • འབྲུག་གི་མི་ཁུངས་ངོ་སྤྲོད་ལག་ཁྱེར་མེད་པའི་མི་ངོམ་ཚུ་ལུ་ འོག་གི་ཡིག་ཆ་ཚུ་ཚང་དགོ།
  • ཀ༽ རྟགས་ཀྱི་དོན་ལུ་ འབྲུག་གཞུང་གི་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་འོག་གི་ ཞི་བའི་ཐོ་བཀོད་དང་མི་རྩིས་ལས་ཁུངས་ཀྱིས་གནང་ཡོད་པའི་ ཡི་གུ།
  • ཁ༽ སྡོད་གནས་ཀྱི་ཆོག་ཐམ།
  • ག༽ ཟླ་ངོ་ ༦ ལས་ལྷག་སྟེ་ཆ་གནས་ཡོད་པའི་ལཱ་འབད་ནིའི་ཆོག་ཐམ།
  • ང་༽ ཆ་གནས་ཡོད་པའི་ཚོང་ལས་ཆོག་ཐམ།

ལག་ལེན་འཐབ་ས།

  • དངུལ་བཏོན་འཕྲུལ་ཆས་དང་ པི་ཨོ་ཨེསི་གི་ས་སྒོ་དང་ རྒྱ་གར་རྒྱལ་ཁབ་ནང་ཡོངས་འབྲེལ་ཐོག་ལས་ལག་ལེན་འཐབ་ཚུགས།
  • དངུལ་བཏོན་འཕྲུལ་ཆས་ནང་ལས་ཏི་རུ་བཏོན་པའི་སྐབས་ལུ་ རྩིས་ཁྲ་གི་དབྱེ་ག་ཅི་གདམ་ཁ་རྐྱབ་རུང་ ལཱ་འབད་བཏུབ།

ཏི་རུ་བཙུགས་ནི།/བསྐྱར་གསོ།

  • ཨོམ་བྷོབ་ཐོག་ལས་ དངུལ་བསྐྱར་གསོ་འབད་ནི།
  • འབྲུག་གི་དངུལ་ཁང་ཡན་ལག་ཡིག་ཚང་ཚུ་ནང་ལས་ ཤོག་བྱང་གི་དངུལ་བཙུགས་ཚུགས།

ཚད།

  • ཉིན་ལྟར་གྱི་ཚད་མེད་པར་ ཟླ་རིམ་བཞིན་དུ་ རྒྱ་གར་གྱི་དངུལ་ ༥༠,༠༠༠ བཏོན་ཚུགས།

ཉེན་སྲུང་།

  • ཨི་ཨེམ་ཝི་གི་ གནས་ཚད་ཅན་གྱི་ཅིབ་དང་ཤོག་བྱང་འདི་གི་གསང་ཨང་གིས་ ཤོག་བྱང་ལག་ལེན་ཐོག་ལས་ དངུལ་བཏོན་ནི་ཚུ་ཉེན་སྲུང་འབད་དོ་ཡོདཔ་ད་ ཡོངས་འབྲེལ་ཐོག་ལས་དངུལ་བཏོན་ནི་ཚུ་ མཱསི་ཊར་ཀཱཌ་གྱི་ཉེན་སྲུང་ཅན་གྱི་ཨང་ཚུ་གིས་ཉེན་སྲུང་འབདཝ་ཨིན།
  • འབྲུག་གི་དངུལ་ཁང་གི་ ཨི་ཝི་ཨེམ་གྱི་དངུལ་ཚབ་ཤོག་བྱང་དང་གཅིག་ཁར་ མཱའི་ཀོ་ཅིབ་གཅིག་འོང་དོ་ཡོདཔ་ད་ དེ་གིས་ ཤོག་བྱང་རྫུས་མ་བཟོ་ནི་ཚུགས་ལས་བཀག་སྟེ་ ཉེན་སྲུང་འབདཝ་མ་ཚད་ སྒེར་གྱི་ངོ་རྟགས་ཀྱི་ཨང་ཚུ་བཟོ་སྟེ་ ཧེང་སྐལ་ཉེན་སྲུང་ཅན་ཅིག་སྦེ་བཟོཝ་ཨིན།

འཐུས་དང་སྤྱོད་འཐུས།

འཐུས་ཀྱི་རེའུ་མིགདངུལ་ཀྲམ།
ཚར་གཅིག་གི་བྱང་ཤོག་སྤྲོད་ནིའི་འཐུས།དངུལ་ ༥༠༠ དེ་ཡང་ སྤྱི་ཚེས་ ༡/༡/༢༠༡༨ ལས་འགོ་བཟུང་།
ཚབ་མ་སྤྲོད་ནི་དང་བསྐྱར་གསོའི་འཐུས།ཤོག་བྱང་རེ་ལུ་ དངུལ་ཀྲམ་ ༡༥༠
དངུལ་ཁ་སྐོང་བཙུགས་ནིའི་འཐུས།དངུལ་ཀྲམ་ཡངོས་བསྡོམས་མ་རྩིས་བར་ དངུལ་ཀྲམ་ ༡༥༠
དངུལ་ཚབ་སྤྲོད་ནིའི་སྤྱོད་འཐུས།དངུལ་ཀྲམ་ ༡༠༠
དངུལ་ལྷག་ལུས་གཟིགས་ནི།ཚར་རེ་བལྟ་བའི་སྐབས་ དངུལ་ཀྲམ་ ༢༠
ཤོག་བྱང་གི་དུས་ཡུན།སྤྱི་ཚེས་ ༡/༠༨/༢༠༡༧ ལས་ ཧེ་མ་ལོ་ ༣ ཡོད་ས་ལས་ ལོ་ ༢ ལུ་བཟོ་ཡོད།