སྦུང་ཚོང་དང་སིལ་ཚོང་པ།
གློ་འབུར་དུ་དངུལ་དགོཔ་འཐོན་པའི་སྐབས་ལུ་ འབྲུག་གི་དངུལ་ཁང་གིས་ རྒྱབ་སྐྱོར་འབད་ཡོད་པའི་ འཐེབ་བཏོན་དངུལ་སྤྲོད་ཀྱི་བསྐྱིན་འགྲུལ་གྱི་མཐུན་རྐྱེན་ཕུལ་ཐེ་ཡོད་མི་འདི་ལུ་ བློ་གཏད་དང་ཡིག་ཆེས་ཐོག་ལས་ལག་ལེན་འཐབ་གནང་། བསྐྱིན་འགྲུལ་འདི་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ཨིནམ་ལས་ བསྐྱིན་འགྲུལ་འདི་ལེན་ནིའི་དོན་ལུ་ ཡིག་ཆ་ཚུ་ཡང་ལེ་ཤ་ཚང་དགོཔ་མེད་པའི་ཁར་ དུས་ཡུན་ཐུང་ཀུ་ཅིག་ནང་ མ་དངུལ་ཚུ་འཇམ་ཏོང་ཏོ་སྦེ་འཐོབ་ཚུགས།
ཁྱད་ཚད།
སྦུང་ཚོང་རྐྱབ་མི་དང་ ཚོང་འབྲེལ་འཐབ་མི་འབྱེ་བ་མེད་པར་ ཚོང་པ་ག་ར་གིས་ བསྐྱིན་འགྲུལ་འདི་འཐོབ་ཚུགས།
བསྐྱིན་འགྲུལ་གྱི་ཚད།
བསགས་མཛོད་ནང་ལུ་ཡོད་པའི་ བཙོང་ཆས་ཀྱི་རིན་གོང་ལས་ བརྒྱ་ཆ་ ༥༠ བདག་སྲུང་འབད་ཡོད་པའི་བུ་ལོན་དང་བདོག་གཏད་ཚུ་དང་འཁྲིལ་ཚད་འཛིན་འབད་ནི་ཨིན་རུང་་འདི་ཚུ་ཡང་ ཧེ་མའི་ལོ་རྒྱུས་དང་བསྐཡིན་འགྲུལ་ལོག་བཏབ་ནིའི་ལྕོགས་གྲུབ་དང་འཁྲིལ་དགོ
སྐྱེད།
བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།
བསྐྱིན་འགྲུལ་གྱི་ལོ་ཚད།
བསྐྱིན་འགྲུལ་འདི་ ལོ་ ༡ གི་རིང་ལུ་ཨིནམ་ད་ དེ་ཡང་ བསྐྱར་ཞིབ་དང་བསྐྱར་གསོ་འབད་བཏུབ།