༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

སྣུམ་འཁོར་སྦོམ་དང་ཆུང་ཀུ་ གསརཔ་དང་རྙིངམ་ ག་བཟུམ་ཅིག་རང་ཨིན་རུང་ ཁྱོད་རའི་ཚོང་འབྲེལ་གྱི་སྣུམ་འཁོར་དཔེར་ན་ སྣུམ་འཁོར་ཊཀ་ གླ་འཁོར་ སྣུམ་འཁོར་བཱསི་དང་ ཨེལ་སི་ཝི་ལ་སོགས་པ་ཚུ་ འབྲུག་གི་དངུལ་ཁང་གི་དངུལ་འབྲེལ་གྱི་རྒྱབ་སྐྱོར་ཐོག་ལས་མཁོ་སྒྲུབ་འབད་གནང་། སྐྱེལ་འདྲེན་གྱི་བསྐྱིན་འགྲུལ་ལེན་ནིའི་བྱ་རིམ་འདི་ནང་ ཡིག་ཆའི་ལཱ་དེ་ཡང་ཉུང་སུ་ཡོདཔ་མ་ཚད་ བསྐྱིན་འགྲུལ་འཐོབ་ནི་འདི་ ག་ནི་བ་འཇམ་ཏོང་ཏོ་ཡོདཔ་ཨིན།

ཁྱད་ཚད

སྐྱེལ་འདྲེན་གྱི་བསྐྱིན་འགྲུལ་འདི་ རང་སྒེར་གྱི་དོན་ལུ་སྤྱོད་ནི་དང་ ཚོང་འབྲེལ་གྱི་དོན་ལས་མཁོ་སྒྲུབ་འབད་དགོ་པ་ཅིན་ སྣུམ་འཁོར་དཔེར་ན་ ས་རྐོ་འཕྲུལ་ཆས་ སྣུམ་འཁོར་བཱསི་/སྣུམ་འཁོར་ཆུང་/གླ་འཁོར་/ལ་སོགས་པ་ཚུ་ཉོ་ནིའི་དོན་ལུ་འཐོབ་ཚུགས།

སྐྱེད།

བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།

བསྐྱིན་འགྲུལ་གྱི་གནས་ཡུན།

བསྐྱིན་འགྲུལ་འདི་ ལོ་ ༥ གི་དུས་ཡུན་གྱི་རིང་ལུ་འཐོབ་ནི་ཨིན་རུང་ སྣུམ་འཁོར་རྙིངམ་ཚུ་གི་དོན་ལུ་འབད་བ་ཅིན་ ལོ་ངོ ༣ ཚུན་གྱི་རིང་ལུ་འཐོབ་ཚུགས།

ཡིག་ཆ་ཚང་དགོཔ།

  • ཚུལ་མཐུན་སྦེ་བསྐང་ཡོད་པའི་ བསྐྱིན་འགྲུལ་གྱི་ཞུ་ཡིག་འབྲི་ཤོག
  • བསྐྱིན་འགྲུལ་ལེན་མི་དང་ ཁག་ལེན་མི་གཉིས་ཀྱི་མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
  • བསྐྱིན་འགྲུལ་ལེན་མི་གི་པར་གསརཔ་གཅིག་དགོ།
  • སྣུམ་འཁོར་གསརཔ་ཉོ་ནི་ཨིན་པ་ཅིན་ གནང་བ་ཡོད་པའི་སྣུམ་འཁོར་གྱི་ཚོང་པ་ཚུ་ལས་ རིན་བསྡུར་འབད་ཡོད་པའི་གནས་གོང་ཡིག་ཆ་/འཛིན་ཤོག
  • མི་མང་སྐྱེལ་འདྲེན་གྱི་སྣུམ་འཁོར་བཱསི་གི་དོན་ལུ་འབད་བ་ཅིན་ གནང་བའི་ཡི་གུ
  • ལྟ་བཤལ་དང་ལ་བཤལ་གྱི་དོན་ལུ་ སྣུ་འཁོར་ཉོ་ནི་ཨིན་པ་ཅིན་ འབྲུག་ལྟ་བཤལ་ཚོགས་སྡེ་ནང་ལས་ ལྟ་བཤལ་གྱི་ལས་སྡེའི་ཚོང་ལས་ཆོག་ཐམ་དགོ
  • རྒྱ་གར་རྒྱལ་ཁབ་ནང་ལས་མ་ཡིན་པའི་ ཕྱི་རྒྱལ་ཁབ་གཞན་ལས་སྣུམ་འཁོར་ཉོ་ནི་ཨི་ནཔ་ཅིན་ ཆ་གནས་ཡོད་འཔི་ནང་འདྲེན་ཆོག་ཐམ་དགོ
  • སྣུམ་འཁོར་ (ཀྲི་པལ/ཊཀ/འཕྲུལ་ཆས།/ཊེག་ཊར/དྲོ་ཟར་/ས་རྐོ་ནིའི་འཕྲུལ་ཆས་) གླ་ཁར་གཏང་ནིའི་དོན་ལུ་འབད་བ་ཅིན་ ཆ་གནས་ཡོད་པའི་ཆོག་ཐམ་དགོ
  • སྣུམ་འཁོར་རྙིངམ་ཉོ་ནི་ཨིན་པ་ཅིན་ སྣུམ་འཁོར་གྱི་ཐོ་བཀོད་ལག་ཁྱེར།
  • ཉོ་བཙོང་འཐབ་ཡོད་པའི་གན་ཡིག (སྣུམ་འཁོར་རྙིངམ་གི་དོན་ལུ་བསྐྱིན་འགྲུལ་ལེན་པ་ཅིན།)
  • ཁག་ལེན་མི་ཡོད་པ་ཅིན་ དེ་གི་ཁ་གསལ།
  • ཉེན་སྲུང་གི་དོན་ལུ་ དངུལ་ཁང་ནང་བཙུགས་ཡོད་པའི་ གཏའ་མ་གི་བདག་དབང་གི་ལག་ཁྱེར།
  • འགྲེམས་རྟགས་ཐོག་ལུ་ དཔང་པོ་བཙུགས་ཏེ་རྒྱུ་ནོར་གྱི་ཇོ་བདག་གིས་ རྟགས་བཀོད་དེ་ཡོད་པའི་ སྤྱོད་འཐུས་ཕར་འགྱངས་འབད་ཡོད་པའི་ གནང་བའི་ཡི་གུ། (འགུལ་མེད་ཀྱི་བདོག་གཏད་ཀྱི་དོན་ལུ་རྐྱངམ་ཅིག)
  • བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ འོང་འབབ་ཀྱི་གྲུབ་བྱེད་ཀྱི་དོན་ལུ་ བདེན་དཔྱད་འབད་ཡོད་པའི་ཁྱིམ་གྱི་ཁང་གླ་གི་འོང་འབབ་ཀྱི་འབྱོར་རྟགས་དང་ ཚོང་ལས་འབབ་ཁུངས་གི་ཁྲལ་གྱི་འབྱོར་རྟགས་ཚུ་དགོ
  • གཞི་བཙུགས་འབད་ཡོད་པའི་ སྣུམ་འཁོར་བཅོ་ཁང་ནང་ལས་ རིན་གོང་གི་ལག་ཁྱེར་དགོ (སྣུམ་འཁོར་རྙིངམ་ཉོ་ནིའི་དོན་ལུ།)
  • ཉེན་བཅོལ་འབད་ཡོད་པའི་ལག་ཁྱེར་གྱི་འདྲ། (སྣུམ་འཁོར་རྙིངམ་ཉོ་ནིའི་དོན་ལུ།)
  • སྣུམ་འཁོར་ཉོ་སྟེ་ལོ་ ༢ ལས་མ་བརྒལ་མི་ཅིག་དགོ(སྣུམ་འཁོར་རྙིངམ་ཉོ་ནིའི་དོན་ལུ།)