དུས་ཡུན་ནང་ལུ་དངུལ་བཙུགས་མི་གུར་འཐེབ་བཏོན་སྤྲོད་དངུལ་གྱི་བསྐྱིན་འགྲུལ།
དུས་ཡུན་ཐུང་ཀུའི་མ་དངུལ་གྱི་དཀའ་ངལ་འདི་སེལ་ཐབས་དང་ ཁྱོད་རའི་གློ་འབུར་གྱི་ཟད་འགྲོ་གི་དོན་ལུ་ འབྲུག་གི་དངུལ་ཁང་གིས་ ཁྱོད་རའི་གནས་ཡུན་དང་འཁྲིལ་དངུལ་བཙུགས་ཏེ་ཡོད་པའི་འདི་ གཏའ་མར་བཙུགས་ཏེ་ བསྐྱིན་འགྲུལ་འཕུལ་དོན་ཡོདཔ་ཨིན།
ཁྱད་ཚད།
འབྲུག་གི་དངུལ་ཁང་གིས་ གནས་ཡུན་དང་འཁྲིལ་དངུལ་བཙུགས་ནིའི་རྩིས་ཁྲ་འཆང་མི་ཚུ་གི་ དངུལ་བཙུགས་ཏེ་ཡོད་མི་འདི་ གཏའ་མའི་གྲངས་སུ་བཙུགས་ཏེ་ བསྐྱིན་འགྲུལ་གནང་ནིའི་འོས་འབབ་ཡོདཔ་ཨིན།བསྐྱིན་འགྲུལ་དེ་ཡང་ མི་འདི་གིས་དུས་ཡུན་གཏན་འཁེལ་གྱི་དངུལ་བཙུགས་ཡོད་པའི་འབྱོར་རྟགས་སྤྲོད་ཞིནམ་ལས་རྐྱངམ་ཅིག་ བསྐྱིན་འགྲུལ་འདི་འཐོབ་ཚུགས།
བསྐྱིན་འགྲུལ་གྱི་ཚད།
གནས་ཡུན་ཐོག་ལུ་དངུལ་བཙུགས་ཡོད་པའི་རིན་གོང་དང་འཁྲིལ་ཏེ་ བརྒྱ་ཆ་ ༩༠ ཐོབ།
སྐྱེད།
བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།
བསྐྱིན་འགྲུལ་གྱི་ལོ་ཚད།
བསྐྱིན་འགྲུལ་འདི་ལོ་ ༡ ཡང་ན་ གནས་ཡུན་ཐོག་/དུས་རྒྱུན་དངུལ་བཙུགས་ཀྱི་ཆ་གནས་དུས་ཡུན་ཚུན་ཚོད་ཀྱི་རིང་ལུ།
ཡིག་ཆ་ཚང་དགོཔ།