ཁྱོད་ཀྱི་འགུལ་མེད་ཀྱི་བདོག་གཏད་ དཔེར་ན་ ས་དང་སྒྲིང་ཁྱིམ་ཚུ་གིས་ ཁྱོད་ར་ནང་དོག་ཁག་ཆེ་བའི་སྐབས་ལུ་ ཁྱོད་རའི་བློ་བདེ་ལྟར་དུ་ མ་དངུལ་ཚུ་འཐོབ་ཚུགས། འབྲུག་གི་དངུལ་ཁང་གི་གཏའ་མའི་ཐོག་གི་བསྐྱིན་འགྲུལ་འདི་ སྐྱེད་ཉུང་ཤོས་ཅིག་དང་ དུས་ཡུན་ལེ་ཤ་མ་དགོ་བར་ དུས་ཡུན་ཐུང་ཀུ་ཅིག་ནང་ དུས་ཚོད་ཁར་འཐོབ་ཚུགས།
ཁྱད་ཚད།
བསྐྱིན་འགྲུལ་གྱི་དོན་ལུ་གཏའ་མ་སྦེ་བཙུགས་བཏུབ་པའི་ ས་དང་ཁྱིམ་ཚུ་ཡོད་པའི་ མི་ངོ་ག་ར་འབད་རུང་བསྐྱིན་འགྲུལ་འདི་འཐོབ་ནི་དང་ དུས་རྒྱུན་དངུལ་ཕོགས་འཐོབ་ལམ་ཡོད་མི་ཚུ་གིས་ཡང་ བསྐྱིན་འགྲུལ་འདི་འཐོབ་ཚུགས།
བསྐྱིན་འགྲུལ་གྱི་ཚད།
གཏའ་མ་སྦེ་ཉེན་སྲུང་འབད་དེ་ཡོད་མི་གི་ རིན་གོང་ལས་ བརྒྱ ཆ་ ༥༠ དང་ དངུལ་ཀྲམ་མཐོ་ཤོས་ ༥༠༠,༠༠༠ གཉིས་ལས་ ག་ཉུང་མི་འདི་འཐོབ།
སྐྱེད།
བསྐྱིན་འགྲུལ་གྱི་སྐྱེད་གཟིགས་ནིའི་དོན་ལུ་ ནཱ་ཨེབ་གནང་།
བསྐྱིན་འགྲུལ་གྱི་ལོ་ཚད།
བསྐྱིན་འགྲུལ་འདི་ མཐོ་ཤོས་རང་ ལོ་ ༥ འི་རིང་ལུ་འཐོབ།
ཡིག་ཆ་ཚང་དགོཔ།
- བསྐྱིན་འགྲུལ་ལེན་མི་དང་ བར་ན་ཁག་ལེན་མི་གཉིས་ཆ་ར་གི་ མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
- བར་ན་ཁག་ལེན་མི་ཡོད་པ་ཅིན་ བསྐྱིན་འགྲུལ་ལེན་མི་དང་ཁག་ལེན་མི་གཉིས་ཆ་ར་གི་ པར་གསརཔ་རེ་རེ་དགོ
- དངུལ་ཁང་ནང་བཙུགས་ཡོད་པའི་ གཏའ་མ་གི་བདག་དབང་ལག་ཁྱེར།
- རྒྱུ་ནོར་གྱི་རིན་གོང་།/གཏའ་མ་བཙུགས་ཡོད་པའི་རྒྱུ་ནོར་གྱི་བརྟག་ཞིབ་འབད་ཡོད་པའི་ལག་ཁྱེར། དེ་ཡང་ སྒྲིང་ཁྱིམ་རྐྱངམ་ཅིག་ལུ་མ་གཏོགས་ ས་གི་རིན་གོང་འདི་ངོས་ལེན་མི་འབད།
- དངུལ་ཁང་ནང་ལུ་གཏའ་མ་བཙུགས་ཡོད་མི་འདི་གི་ ཉེན་བཅོལ་འབད་ཡོད་པའི་སྲིད་བྱུས་ཀྱི་འདྲ།
- བསྐྱིན་འགྲུལ་འདི་ ཚོང་གི་འོང་འབབ་ལས་ལོག་བཏབ་ནི་ཨིན་པ་ཅིན་ ཚོང་ལས་ཀྱི་ཆོག་ཐམ་དགོ
- འགྲེམས་རྟགས་ཐོག་ལུ་ དཔང་པོ་བཙུགས་ཏེ་རྒྱུ་ནོར་གྱི་ཇོ་བདག་གིས་ རྟགས་བཀོད་དེ་ཡོད་པའི་ སྤྱོད་འཐུས་ཕར་འགྱངས་འབད་ཡོད་པའི་ གནང་བའི་ཡི་གུ།
- བསྐྱིན་འགྲུལ་ལོག་བཏབ་ནིའི་དོན་ལུ་ འོང་འབབ་ཀྱི་གྲུབ་བྱེད་དགོ དེ་ཡང་ བདེན་དཔྱད་འབད་ཡོད་པའི་ཁང་གླའི་འོང་འབབ་དང་ ཚོང་ལས་འབབ་ཁུངས་ཀྱི་ཁྲལ་ལ་སོགས་པ་ཚུ་དགོ
- སྟོན་བསྒྲགས་ཀྱི་དེ་ཡང་ མཚན་རྟགས་བཀོད་དེ་ ཞུ་ཡིག་འབྲི་དང་གཅིག་ཁར་བཙུགས་དགོ