༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

ཁྱོད་ཀྱི་དགོས་མཁོ་དང་འཁྲིལ་ཏེ་ ཁྱོད་རའི་ ཚོང་ལཱ་མགྱོགས་དྲགས་སྦེ་ཡར་རྒྱས་གཏང་ཐབས་ཀྱི་དོན་ལུ་ འབྲུག་གི་དངུལ་ཁང་གིས་ རྒྱབ་སྐྱོར་ཚུ་ཕུལ་དོ་ཡོདཔ་ཨིན། ཁྱོད་ཀྱིས་ དངུང་ཁང་འདི་ལས་ འགན་ལེན་དེ་ཡང་ ཡུདཔ་ཐེངས་ཅིག་ནང་ ཁྱོད་རའི་དངུལ་དང་འཁྲིལ་ བརྒྱ་ཆ་ ༡༠༠% སྦེ་འཐོབ་ཚུགས་ནི་དང་ ཡང་ན་ ཁྱོད་ཀྱི་དངུལ་ཁང་ནང་བཙུགས་ཡོད་པའི་གཏའ་མ་དང་འཁྲིལ་ཏེ་ ཡང་ན་ དངུལ་ཁང་གིས་འགན་ལེན་དང་འཁྲིལ་འཐོབ་ཚུགས། དངུལ་ཁང་གིས་བྱིན་མི་ འགན་ལེན་ལས་ བརྒྱ་ཆ་ ༡༠ བཏོག་བཞག་སྲོལ་ཡོད་མི་འདི་ ད་རེས་ཁམས་ཅིག་ཁར་ ཆ་མེད་བཏང་ཡོདཔ་ཨིན།

ཁྱད་ཚད།

  • མི་ངོམ་/ཚོང་ལས་/ཆ་གནས་ཡོད་པའི་ཆོག་ཐམ་འཆང་མི་ ཁག་འབགཔ་གི་ལས་སྡེ།
  • དངུལ་གྱི་ཚད་ བརྒྱ་ཆ་བརྒྱ་ཐམ་པ་བཏོན་ཚུགས་མི་དང་ ཡང་ན་ འབྲུག་གི་དངུལ་ཁང་ནང་ལུ་ གཏའ་མ་ལངམ་སྦེ་བཙུགས་ཡོད་མི་ ཡང་ན་ མཐུན་འབྲེལ་འབད་དེ་ཡོད་པའི་ དངུལ་ཁང་གི་ཁས་ལེན་འབད་དེ་ཡོད་མི་ མི་ངོམ་ག་གིས་འབད་རུང་ གོ་སྐབས་ལེན་ཚུགས།

ཚད།

དངུལ་ཁང་གི་འགན་ལེན་གྱི་ཚད་དེ་ཡང་ ཉེན་སྲུང་འབད་ཡོད་མི་དང་ བར་ན་ཁས་ལེན་འབད་མི་དང་འཁྲིལ་འགྱོ་འོང་།

དུས་ཡུན།

  • འབྲུག་ནང་འཁོད། དུས་ཡུན་ཟླ་ངོ་ ༡༢ གི་རིང་ལུ་འཐོབ། འདི་ཡང་བསྐྱར་གསོ་འབད་བཏུབ།
  • འབྲུག་རྒྱལ་ཁབ་ཀྱི་ཕྱི་ཁར། – རྒྱལ་སྤྱིའི་དངུལ་ཁང་ལས་ ཁས་ལེན་འབད་ཡོད་མི་གུ་ ཚོང་མགྲོན་པའི་ཞུ་བ་དང་འཁྲིལ་ཏེ་འཐོབ་ཚུགས།

དགོས་མཁོའི་ཡིག་ཆ།

  • དངུལ་ཁང་གི་འགན་ལེན་ཞུ་ཡིག་འབྲི་ཤོག
  • བར་ན་ཁས་ལེན་འབད་མི་གི་འབྲི་ཤོག
  • བདོག་གཏད་དང་བུ་ལོན་གྱི་ཁ་གསལ།
  • ཆ་གནས་ཡོད་པའི་ཆག་ཐམ།
  • མི་ཁུངས་ངོ་སྤྲོད་ལག་ཁྱེར་ཀྱི་འདྲ།
  • རིན་བསྡུར་ནང་ལུ་ བཅའ་མར་གཏོགས་དགོ་པའི་མགྲོན་བརྡའི་ཞུ་བ་/ལཱ་སྤྲོད་ཡོད་པའི་ཁ་གསལ་ཡི་གུ་/ཁག་འབགཔ་གི་གན་ཡིག་ཁ་གསལ།
  • ནང་འཁོད་དངུལ་ཁང་འགན་ལེན་པའི་དོན་ལུ་དང་ ཕྱི་མི་གི་དོན་ལུ་ བར་ནའི་འགན་ལེན་པ་ཚུ་ཡང་ ངོས་ལེན་ཡོད་པའི་ དངུལ་ཁང་ཚུ་ལས་དགོ།