༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

གཏན་འཇགས་ཀྱི་དངུལ་གསོག་འཇོག

འབྲུག་གི་དངུལ་ཁང་ནང་ གཏན་འཇགས་ཀྱི་དངུལ་གསོག་འཇོག་འབད་དེ་ ཁྱོད་རའི་མ་རྩ་གི་ཐོག་ལུ་ འགྲན་བསྡུར་ཅན་གྱི་སྐྱེད་ཀྱི་གོ་སྐབས་ཚའདི་ལེན་གནང་། དངུལ་གསོག་འཇོག་གི་གནས་ཡུན་འདི་ཚང་ཞིནམ་ལས་ མ་རྩ་དང་སྐྱེད་གཉིས་ཆ་ར་ ལོག་སྟེ་རང་ གནས་སྐབས་ཀྱི་གནས་ཡུན་ཐོག་ལུ་ གསོག་འཇོག་འབད་ནིའི་གདམ་ཁ་འདི་ ཚོང་མགྲོན་པ་ལུ་ཡོད།

ཁྱད་ཚད།

གཏན་འཇགས་དངུལ་གསོག་འཇོག་གི་རྩིས་ཁྲ་དེ་ཡང་།

  • དངུལ་ཁང་འདི་དང་གཅིག་ཁར་ རྩིས་ཁྲ་ག་བཟུམ་འཆང་མི་ཨིན་རུང་ མི་ངོམ་ཚུ་གིས་ གཏན་འཇགས་ཀྱི་དངུལ་གསོག་འཇོག་འབད་ཚུགས།
  • གཏན་འཇགས་ཀྱི་དངུལ་གསོག་འཇོག་འདི་ ཨ་ལོ་ཚུ་གི་དོན་ལུ་དང་ ཡང་ན་ ཨ་ལོ་ཚུ་གི་ཚབ་ལུ་ ཕམ/ཁྲིམས་ཁང་གིས་ངོས་འཛིན་འབད་ཡོད་པའི་ ཨ་ལོ་བདག་འཛིན་པ་གིས་ བདག་འཛིན་ཐོག་ལུ་ གསོག་འཇོག་འབད་ཚུགས།

སྐྱེད་སྤྲོད་ནི།

  • སྐྱེད་སྤརོད་ནིའི་གྲངས་དེ་ཡང་ ཡངན་ ཟླ་རིམ་བཞིན། ཟླཝ་གསུམ་རེ་གི་བར་ན། ལོ་ཕྱེད་ཀའི་བར་ན། ལོ་རེ་གི་བར་ན་དང་ ཡང་ན་ གནས་ཡུན་ཚང་བའི་དུས་ལུ་སྤྲོད་འོང་།

ཡིག་ཆ་ཚང་དགོཔ།

ཁྱད་ཚད།ཡིག་ཆ་དགོཔ།
རང་སོ་སྒེར་གྱི་རྩིས་ཁྲའི་དོན་ལུ།ཆ་གནས་ཡོད་པའི་ལམ་ཡིག/མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
པར་གཉིས་དགོ
གན་རྒྱའི་འགྲེམས་རྟགས།
འབྲུག་པའི་མི་ཁུངས་མ་ཡིན་པའི་མི་ངོམ།ལཱ་གི་ཆོག་ཐམ་གྱི་འདྲ།ལམ་ཡིག་གི་འདྲ།
གན་རྒྱའི་འགྲེམས་རྟགས།པར་གཉིས་དགོ།
ཨ་ལོའི་རྩིས་ཁྲའི་དོན་ལུ།ཕམ་ཡང་ན་བདག་འཛིན་པའི་ཆ་གནས་་ཡོད་པའི་ལམ་ཡིག/མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
བདག་འཛིན་པའི་པར་གཉིས།
ཨ་ལོའི་གསོ་བའི་ལག་ཁྱེར།
གཙུག་སྡེ།/ཚོང་སྡེ།གཏན་འཇགས་དངུལ་གསོག་འཇོག་གི་དོན་ལུ་ གནང་བཅ་སྤརོད་ཡོད་པའི་གསུངས་གྲོས་ཀྱི་གྲོས་ཆོད་ཀྱི་འདྲ།
གནང་བ་ཡོད་པའི་རྩིས་ཁྲ་ལག་ལེན་འཐབ་མི་གི་ མིང་། 
ཁ་བྱང་དང་མིང་རྟགས་ཀྱི་དཔེ།
གཏན་འཇགས་ཀྱི་དངུལ་གསོག་འཇོག་གི་དོན་ལུ་ ཞུ་བ་གི་ཡིག་ཐོག་གི་ཞུ་ཡིགགཙུག་སྡེ་དང་ཚོང་སྡེ་གང་རུང་གིས་གཏན་འཇགས་ཀྱི་དངུལ་གསོག་འཇོག་གི་རྩིས་ཁྲ་འདི་སྒོ་ཕྱེ་དགོ་པ་ཅིན་ ཁྲིམས་ཀྱི་འགྲེམས་རྟགས། 
འགྱིབ་ཐུའུ་དང་ཚོང་འབྲེལ་གྱི་ཆོག་ཐམ་ཚུ་དགོ