༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

དུས་རྒྱུན་དངུལ་བཙུགས་པཱལསི།

དམིགས་བསལ་གནད་དོན་གཅིག་གི་ཐོག་ལུ་ དངུལ་མངམ་སྦེ་བསགས་ནི་གི་ སྒྲིག་ལྡན་ཐབས་ལམ་གཅིག་འདི་ དུས་རྒྱུན་ཐོག་ལས་དངུལ་བཙུགས་བཞག་ནི་འདི་ཨིན།དུས་རྒྱུན་དངུལ་བཙུགས་ཀྱི་འོག་ལུ་ པཱལསི་ (Plus) གྱི་ཐབས་ལམ་འདི་ཁྱོད་ཀྱིས་འགྱུར་མེད་ཀྱི་འབོར་ཚད་གཅིག་ དུས་ཚད་བཀག་སྟེ་ བར་མཚམས་བཟོ་ནི་འདི་ཨིན། གནས་ཡུན་འདི་ མཇུག་བསྡུཝ་ད་ དངུལ་སྐྱེད་དང་སྦྲགས་ཏེ་ ཁྱོད་རའི་མ་དངུལ་ག་ར་ལོག་ཐོབ་ཚུགས།

བསྡོམས་ཚད།

  • དུས་རྒྱུན་གྱི་དངུལ་བཙུགས་ཀྱི་དོན་ལས་ མ་དངུལ་ཉུང་མཐའ་འདི་ དངུལ་ཀྲམ་ ༡༠༠
  • དུས་རྒྱུན་གྱི་དངུལ་བཙུགས་ཀྱི་དོན་ལས་ མ་དངུལ་མང་མཐའ་འདི་ དངུལ་ཀྲམ་ ༡༠,༠༠༠

གནས་ཡུན

  • ཉུང་མཐའ་ ལོ་གཅིག
  • མང་མཐའ་ ལོ་ ༢༠

སྐྱིན་འགྲུལ་གྱི་མཐུན་རྐྱེན།

ཚོང་མགྲོན་པ་ཚུ་གིས་ དུས་རྒྱུན་དངུལ་བཙུགས་པཱལསི་གི་ཐོག་ལུ་ སྐྱིན་འགྲུལ་འཐོབ་ཚུགས།

ཉེས་ཆད་སྤྲོད་དགོཔ།

ཟླ་ངོ་རེ་རེ་གི་ དངུལ་བཙུགས་བསྡོམས་ལས་ བརྒྱ་ཆ་ ༡ སྤྲོད་དགོཔ་ཨིན།

གནས་ཡུན་མ་ཚངམ་ལས་དངུལ་བཏོན་ནི།

དུས་རྒྱུན་དངུལ་གསོག་འཇོག་པཱལསི་འདི་ གནས་ཡུན་མ་ཚངམལས་ མཚམས་འཇོག་བཞག་སྟེ་ དངུལ་བཏོན་ཆོག དེ་འབདཝ་ད་ སྐྱེད་ཐོབ་ལམ་འདི་ འོས་འབབ་ཡོད་པའི་སྐྱེད་ཀྱི་ཚད་ལས་ བརྒྱ་ཆ་གཅིག་ལས་ཉུང་སུ་ཅིག་སྦེ་འཐོབ་ནི་ཨིན་རུང་ ཟླ་ངོ  ༣ གྱི་ཧེ་མ་ལས་མཚམས་འཇོག་འབད་བ་ཅིན་ ཚོང་མགྲོན་པ་གིས་་ སྐྱེད་འདི་ཐོབ་ལམ་མེདཔ་ཨིན།

ཡིག་ཆ་ཚང་དགོཔ།

ཁྱད་ཚད།ཡིག་ཆ་དགོཔ།
རང་སོ་སྒེར་གྱི་རྩིས་ཁྲའི་དོན་ལུ།ཆ་གནས་ཡོད་པའི་ལམ་ཡིག/མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
པར་གཉིས་དགོ
གན་རྒྱའི་འགྲེམས་རྟགས།
འབྲུག་པའི་མི་ཁུངས་མ་ཡིན་པའི་མི་ངོམ།ལཱ་གི་ཆོག་ཐམ་གྱི་འདྲ།
ལམ་ཡིག་གི་འདྲ།
གན་རྒྱའི་འགྲེམས་རྟགས།པར་གཉིས་དགོ།
ཨ་ལོའི་རྩིས་ཁྲའི་དོན་ལུ།ཕམ་ཡང་ན་བདག་འཛིན་པའི་ཆ་གནས་་ཡོད་པའི་ལམ་ཡིག/མི་ཁུངས་ངོ་སྤྲོད་ལག་ཁྱེར་གྱི་འདྲ།
བདག་འཛིན་པའི་པར་གཉིས།
ཨ་ལོའི་གསོ་བའི་ལག་ཁྱེར།