༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

སྤྱིར་བཏང་གི་མཐོང་སྣང་།

འབྲུག་དངུལ་ཁང་གིས་ ཁྱོད་རའི་དངུལ་ཁང་ལས་དོན་ལུ་ ག་ནི་བས་འཇམ་ཏོག་ཏོ་དང་ ཉེན་སྲུང་ཅན་གྱི་ཐབས་ལམ་ཕུལ་དོ། ཁྱོད་རའི་དངུལ་འཛིན་ དངུལ་སྤྲོད་དང་བཏོན་ནི་ཚུ་ ད་ལྟོ་ཡོད་པའི་རྩིས་ཁ་ནང་ལས་ ག་ནི་བས་འཇམ་ཏོང་ཏོ་དང་མགྱོགས་དྲགས་སྦེ་ལེན། དངུལ་ཁང་ལས་དོན་ནང་ལུ་ དཀའ་ངལ་མེདཔ་བཟོ་ནི་གི་དོན་ལུ་ དངུལ་ཁང་གིས་ ཁྱོད་རའི་དོན་ལས་ བཀོད་རྒྱ་ཚུ་ཡང་ བསྟར་སྤྱོད་འབད་ནི།

ཁྱད་ཚད།

ད་ལྟོ་ཡོད་པའི་ དངུལ་བཙུགས་རྩིས་ཁྲ་འདི་ ག་གིས་སྒོ་ཕྱེ་ནི་སྨོ་ཟེར་བ་ཅིན།

  • རང་སོ་ ཡང་ན་ ལྟ་རྟོག་པ མཉམ་འབྲེལ་རང་ངོ་།
  • ཚོང་ལས་– སྦྱིན་བདག་རང་རྐྱང་/མཉམ་རུབ་ཚོང་ལཱ།
  • སྡེ་ཁང་ མི་སྡེ་ མཐུན་ཚོགས།
  • ཚོང་ལས་ཚད་འཛིན་ གཞུང་དབང་ལས་འཛིན་ལ་སོགས་པ།

དགོས་མཁོའི་ཡིག་ཆ།

ཁྱད་ཚད།དགོས་མཁོའི་ཡིག་ཆ།
རང་སོ་ ཡང་ན་ ལྟ་རྟོག་པ་ གཞན་མི་རང་སོ་དང་མཉམ་རུབ།འདྲ་པར་གཉིས།མི་ཁུངས་ངོ་སྤྲོད་ལག་ཁྱེར/ལམ་ཡིག་འདྲ་བཤུས།ང་བཅས་དངུལ་ཁང་གི་རྩིས་ཁྲ་འཆང་མི་གིས་ འདས་པའི་ཟླ་ངོ་ ༦ གི་ངོ་སྤྲོད།
རང་རྐྱང་ཚོང་ལཱ་འབད་མི་གི་ གྱིབ་ཐིའུ་དང་ ཚོང་འབྲེལ་གྱི་ཆོག་ཐམ།
ཚོང་ལས་ – སྦྱིན་བདག་རང་རྐྱང་།ཚོང་འབྲེལ་ཆོག་ཐམ་འདྲ་བཤུས།མི་ཁུངས་ངོ་སྤརོད་ལག་ཁྱེར/ལམ་ཡིག་འདྲ་བཤུས།
དབང་ཆའི་ཡི་གུ་དང་རྩིས་ཁྲ་བཟོ་མིའི་འདྲ་པར།ཚོང་ལས་ཀྱི་གྱིབ་ཐིའུ།
ངོ་སྤྲོད་པ(དངུལ་ཁང་དང་གཅིག་ཁར་རྩིས་ཁྲ་ཡོད་མི་གཅིག)སྦྱིན་བདག་གི་འདྲ་པར་གཉིས།
མཉམ་རུབ་ཚོང་ལཱ།མཉམ་རུབ་ཀྱི་ལཱ་ཤུལ།
ཚོང་འབྲེལ་ཆོག་ཐམ་གྱི་འདྲ་བཤུསམཉམ་འབྲེལ་པའི་ མི་ཁུངས་ངོ་སྤྲོད་ལག་ཁྱེར/ལམ་ཡིག་འདྲ་བཤུསཚོང་ལས་ཀྱི་གྱིབ་ཐིའུ།ངོ་སྤྲོད་པ། (དངུལ་ཁང་དང་གཅིག་ཁར་ རྩིས་ཁྲ་ཡོད་མི)
མཉམ་འབྲེལ་པ་རེ་རེའི་འདྲ་པར་ གཉིས་གཉིས།མཉམ་འབྲེལ་པའི་ ད་རེས་ནངས་པའི་ དངུལ་འབྲེལ་ལེན་ཐོའི་འདྲ།
མཉམ་འབྲེལ་པ་དང་མི་ངོའི་དབང་ཆའི་ཁྲིམས་ཞིབ་དང་ཁ་བྱང་ཡོད་ཟེར་བའི་ ངོ་རྟགས་སྟོན་པའི་ གཞུང་འབྲེལ་གྱི་དུས་མཐུན་ཡིག་ཆ།
སྡེ་ མི་སྡེ་ མཐུན་ཚོགས།ཞུ་ཡིག་ཡིག་གུམཐུན་ཚོགས་ཀྱི་རྩོམ་བྲིསསྡེ་ཕྲན་གྱི་ལས་ཁྲིམས/བཅའ་ཡིག/རྩ་ཁྲིམས་ཀྱི་ལག་ཁྱེར་འདྲ།བཀོད་ཚོགས་ཀྱི་གྲོས་ཆོད།
འགོ་དཔོན་འཆང་མི་ མི་ངོའི་འདྲ་པར་གྱི་འདྲ་བཤུས་གཉིས།
འགོ་དཔོན་འཆང་མི་ མི་ངོ་རེའི་ངོ་སྤྲོད་ལག་ཁྱེར་གྱི་འདྲ་བཤུས་རེ།
གྱིབ་ཐིའུ།ཚོང་ལས་ཀྱི་ད་རེས་ནངས་པའི་སླར་ལོག་དངུལ་འབྲེལ་གྱི་འདྲ་བཤུས། 
ཡངན་ སླར་ལོག་དངུལ་འབྲེལ་འདི་མེད་པ་ཅིན་ ལོ་བསྟར་འོང་འབབ་ཀྱི་ཚོད་རྩིས་འདི་དགོ
ཚོང་ལས་ཚད གཞུང་དབང་ལས་འཛིན་ལ་སོགས་པ་ཚུ།བར་ཡིག་དང་མཐུན་ཚོགས་ཀྱི་རྩོམ་བྲིས།ཚོང་ལས་ཀྱི་སྒོ་ཕྱེ་ཆོག་པའི་ བཀོད་ཚོགས་གྲོས་ཆོད་དབང་ཆའི་ཀྱི་འདྲ་བཤུས་དང་ རྩིས་ཁྲ་བཟོ་ནི།
མདོ་ཆེན་དང་བཀོད་ཁྱབ་གཙོ་བོ་ཚུ་གི་ངོ་སྤྲོད་ལག་ཁྱེར་འདྲ་བཤུས།ཚོང་འབྲེལ་གྱི་ཆོག་ཐམམདོ་ཆེན་དང་བཀོད་ཁྱབ་གཙོ་བོ་ཚུ་གི་འདྲ་པར།མཉམ་སྡེབ་ཀྱི་ལག་ཁྱེར།
ཚོང་ལས་ཀྱི་གྱིབ་ཐིའུ།དབང་ཆའི་ཡི་གུ (མཚད་རྟགས་བཀོད་ནིའི་ དབང་ཆ་བྱིན་ཡོད་པའི་ མི་ངོམ་གྱིས་ དངུལ་ཁང་གི་སྤྲོད་ལེན་འགོ་འདྲེན་འཐབ་ནི)
ཚོང་ལས་ཀྱི་ད་རེས་ནངས་པའི་སླར་ལོག་དངུལ་འབྲེལ་གྱི་འདྲ་བཤུས། 
ཡངན་ སླར་ལོག་དངུལ་འབྲེལ་འདི་མེད་པ་ཅིན་ ལོ་བསྟར་འོང་འབབ་ཀྱི་ཚོད་རྩིས་འདི་དགོ
ལྷག་ལུས་ཉུང་མཐའ།དངུལ་ཀྲམ་ ༡༠༠༠/-

ལག་ལེན་མ་འཐབ་པའི་རྩིས་ཁྲ

ལག་ལེན་མ་འཐབ་པའི་རྩིས་ཁྲ་ལུ་ འཐུས་ཀྱི་ཐོབ་ལམ་མེད།

དངུལ་འཛིན་ཀི་དེབ།

ཚོང་མགྲོན་པ་ཚུ་གིས་ དངུལ་བཏོན་ནི་ ཡངན་ གང་ཟག་ ༣ པ་ལུ་དངུལ་སྤྲོད་འབད་ནིའི་དོན་ལུ་ དངུལ་ཁང་གིས་དངུལ་འཛིན་ཀྱི་ཀི་དེབ་ པར་ཡིག་ཡོད་མི་ཚུ་ ཚོང་མགྲོན་པ་ཚུ་ བཀྲམ་སྤེལ་འབདཝ་ཨིན། དངུལ་འཛིན་འདི་ལྡེ་མིག་གི་འོང་ལུ་བཞག་དགོཔ་ད་ གལ་སྲིད་ག་དེམ་ཅིག་འབད་ ཨར་རྐུན་དང་འབྱང་སྟོར་ཤོར་སོང་པ་ཅིན་ དེ་འཕྲལ་ལས་ དངུལ་ཁང་ལུ་སྙན་ཞུ་འབད་དགོ

གནས་ཡུན་གྱི་བཀོད་རྒྱ།

གནས་ཡུན་གྱི་བཀོད་རྒྱ་ཟེར་མི་འདི་ཚོང་མགྲོན་པ་ཚུ་གིས་བདུན་ཕྲག་རེ་བདུན་ཕྲག་གཉིས་འཁོར་རེ་ཟླ་ངོ་རེ་ཟྲཝ་༣རེར་ལོ་ཕྱེད་རེ་ཡངན་ལོ་བསྟར་བཞིན་དངུལ་ཁང་ལུ་ཁོང་རའི་ངོ་ཚབ་སྦེ་དངུལ་སྤྲོད་འབད་ནི་ལུ་སླབ་ཨིན།ཨིན་རུང་བཀོད་རྒྱ་འདི་གྲུབ་ནི་གི་དོན་ལུ་ཁོང་རའི་རྩིས་ཁྲ་ནང་ལུ་མ་དངུལ་ལངམ་སྦེ་དགོགནས་ཡུན་བཀོད་རྒྱ་འདི་གྲུབ་ནི་གི་དོན་ལུ་འཐུས/ཁ་སྐོང་གི་འཐུས་མི་ལེན།གནས་ཡུན་གྱི་བཀོད་རྒྱ་གྲུབ་ད་ང་བཅས་ཨ་རྟག་གི་འཐུས་དཔེར་ན་དངུལ་ཁང་ཤོག་འཛིན་བརྗེ་སོར་འགྲེམས་གླ་ལ་སོགས་ཚུ་འདི་རྩིས་ཁྲ་ནང་ལས་གཏོང་དངུལ་ཡང་ན་སྤོ་སོར་གྱི་ནང་ལས་འགབ་འོང་།