༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

དངུལ་སྤྲོད་ཤོག་བྱང་གི་དོན་ལུ་ ཐོ་བཀོད་ཀྱི་བྱ་རིམ།

དངུལ་སྤྲོདཤོག་བྱང་གི་དོན་ལུ་ ཐོ་བཀོད་ཀྱི་བྱ་རིམ།
ཐོ་བཀོད་གུ་ཨེབ་ནི།
དངུལ་སྤྲོད་ཤོག་བྱང་གུ་གདམ་འཐུ་འབད་ཞིན་ན་ད་ལྟོ་ཐོ་བཀོད་འབད་ཟེར་ཡོད་མི་ནང་ཨེབ་དགོ
(https://iweb.in.worldline.com/BoBLCWM/CustomerRegistration.aspx)
འོག་ལུ་ཡོད་པའི་ཁ་གསལ་ལུ་ངེས་པར་དུ་བཀོད་དགོཀ༽དངུལ་བྱང་གི་ཨང་།ཁ༽ཡུན་ཚང་ཚེས་གྲངས།ག༽སྐྱེས་ཚེས།ང་༽མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་།ཅ༽ཐོ་བཀོད་ཡོད་པའི་གློག་འཕྲིན་ཁ་བྱང་།ཇ༽ཐོ་བཀོད་ཡོད་པའི་འགྲུལ་འཕྲིན་ཨང་།
ཤོག་གྲངས་ཤུལ་མའི་ནང་ རང་ཉིད་ཀྱིས་ལག་ལེན་འཐབ་ནིའི་ངོ་རྟགས་དང་གསང་ཨང་བཙུགས་དགོ

སྒེར་གྱི་གསང་ཨང་བཟོ་ནི།

  • རང་ཉིད་ཀྱི་ངོ་རྟགས་དང་གསང་ཨང་བཙུགས་ཏེ་ལག་ལེན་འཐབ་དགོ
  • དུས་ཐོག་གསང་ཨང་བཟོ་ནི་ནང་འགྱོ་དགོ
  • དགོས་མཁོའི་ཁ་གསལ་ཚུ་བཙུགས་དགོ
  • གདམ་ཁ་འདི་བཙུགས་ཞིནམ་ལས་ ཐེངས་གཅིག་གི་གསང་ཨང་འདི་བཟོ་ཞིན་ན་ ཐོ་བཀོད་ཡོད་པའི་གློག་འཕྲིན་ཁ་བྱང་ནང་ལུ་ལྷོད་འོང་།
  • གློག་འཕྲིན་ཐོག་ལས་ གསང་ཨང་འདི་ཐོབ་ཅིག་ CWM page ནང་བཙུགས་དགོ
  • ཐེངས་གཅིག་གི་གསང་ཨང་འདི་ ཆ་གནས་འབདཝ་ཅིག་ ཤོག་གྲངས་འདི་གིས་ ཁྱོད་རའི་གདམ་ག་ཅན་གྱི་ཨང་ ༤ ཨེབ་ཟེར་ཐོན་འོང་།
  • དུས་མཐུན་དང་ལེན་འདི་ CWM གུ་འབད་དེ་ ལག་ལེན་འཐབ་བཏུབ་བའི་ གསང་ཨང་གསརཔ་དང་ངེས་ཏིག་ཨིན་པའི་བརྡ་སྐུལ་འདི་ ཤོག་གྲངས་འདི་ནང་རང་བྱིན་འོང་།

དྲན་གསོཿ ཐེངས་གཅིག་གི་གསང་ཨང་འདི་ དུས་ཡུན་སྐར་མ་ ༣༠ གི་གི་དོན་ལས་རྐྱངམ་ཅིག་ ཆ་གནས་ཡོདཔ་ཨིན།

ལག་དེབ་ཕབ་ལེན།

དངུལ་སྤྲོད་ཤོག་བྱང་ཐོ་བཀོད་དང་གསང་ཨང་བཟོ་ནི།