༣༤༩༩༠༣ ༣༤༩༩༠༣ མ་གཏོགས་) ཁྱོད་ལུ་ བརྒྱུད་འཕྲིན་དང་བརྡ་འཕྲིན་ གློག་འཕྲིན་ཚུ་ལྷོད་དེ་ ཁྱོད་ཀྱི་རྩིས་ཁྲ་ཨང་དང་ ཨེ་ཊི་ཨེམ་གྱི་ཨང་ཚུ་གི་སྐོར་ལས་ ཁ་གསལ་དྲི་བ་ཅིན་ རྩ་ལས་སྤྲོད་མ་ད་ཟེར་ཞུ་ནི། ང་བཅས་འབྲུག་གི་དངུལ་ཁང་གིས་ ཚོང་མགྲོན་པའི་ཁ་གསལ་ཚུ་ དྲི་ནི་མེདཔ་ལས་ རྫུན་པ་ཨིནམ་མཁྱེན་དགོ།

ལས་སྡེའི་དངུལ་སྤྲོད་ཤོག་བྱང་ཟེར་མི་འདི་གདམ་ཁ་ཅན་གྱི་ལས་སྡེ་གི་ལས་བྱེདཔ་ཚུ་ལུ་གཞུང་འབྲེལ་ལག་ལེན་གྱི་དོན་ལུ་སྤྲོད་ཡོད་པའི་དངུལ་སྤྲོད་ཤོག་བྱང་གཅིག་ཨིན།འདི་གི་དམིགས་པ་འདི་ཡང་གཞུང་དོན་གྱི་བལྟ་སྐོར་དང་འགྲོ་འགྲུལ་ཚུ་དང་འབྲེལ་བའི་ཟད་འགྲོ་ཚུ་འཇམ་ཏོང་ཏོ་སྦེ་འཛིན་སྐྱོང་འབད་དེ་ད་ལྟོ་ལག་ལེན་འཐབ་ཡོད་པའི་སྔ་གོང་དངུལ་ལག་སྤྲོད་ཀྱི་ལམ་ལུགས་རྩ་མེད་གཏང་ཐབས་ཀྱི་དོན་ལུ་ཨིན།

ཁེ་ཕན།

  • ཡོངས་འབྲེལ་ཐོག་ལས་ ཅ་དངོས་ག་བཟུམ་འབད་རུང་ ཉོ་ཚོང་འཐབ་ནི་ལུ་ ལྷན་ཐབས་འབད་ནི།
  • བཟའ་ཁང་བདག་སྲུང་འབད་ནི་དང་ མཁའ་འགྲུལ་གྱི་ཤོག་འཛིན་ཉོ་ནི་ཚུ་གི་དོན་ལས་ འགྲོ་འགྲུལ་གྱི་ཟད་འགྲོ་དང་ དངུལ་སྤྲོད་ཚུ་ འཇམ་ཏོང་ཏོ་དང་མགྱོགས་དྲགས་སྦེ་ འབད་ནིའི་དོན་ལས་ཨིན།
  • དངུལ་རྐྱང་མིན་པའི་ སྤྲོད་ལེན་འབད་ནི།
  • ཁྱོད་རའི་མཛུབ་རྩེ་གུ་བཞག་སྟེ་ ཉིན་ནུབ་འབྲེལ་བའི་ རྩིས་ཁྲ་འདྲི་དཔྱད་དང་ དངུལ་སྤྲོད་ཤོག་བྱང་ལག་ལེན་འཐབ་བཏུབ།
  • གློག་འཕྲིན་ཐོག་ལས་ དངུལ་བཏོན་རེ་རེ་བཞིན་དུའི་ དུས་ཐོག་དྲན་སྐུལ་ཞབས་ཏོག
  • དུས་ཡུན་ཉིན་གྲངས་ ༡༥ ལས་ ༤༥ འི་བར་ན་ སྤྲོད་ལེན་གྱི་དུས་ཡུན་དང་འཁྲིལ་ དངུལ་སྤྲོད་ལྷན་ཐབས་ཀྱི་དངུལ་སྐྱེད་མི་ཕོག
  • ལས་སྡེ་གི་སྲིད་བྱུས་དང་འཁྲིལ་བའི་ལྟ་རྟོག
  • དོན་མེད་ཀྱི་ཟད་འགྲོ་ ཚད་འཛིན་འབད་དེ་ འགྲོ་འགྲུལ་ཉེན་སྲུང་དང་ སྟབས་བདེ་ཧིང་ཚུ་ རྒྱ་སྐྱེད་གཏང་ནི།
  • འཛམ་གླིང་ནང་ལུ་ ངོས་ལེན་ཡོདཔ་ཨིན།

ཞུ་ཡིག་གི་བྱ་རིམ།

  • ཐིམ་ཕུག་བར་པའི་ས་ལུ་ཡོད་པའི་ འབྲུག་དངུལ་ཁང་གི་མཉམ་འབྲེལ་ཡིག་ཚང་ དངུལ་བྱང་སྡེ་ཚན་ལུ་ འབྲུག་གང་དངུལ་ཁང་གི་ཡན་ལག་ཡིག་ཚང་ གང་རུང་རྒྱུད་དེ་ ཞུ་ཡིག་བཙུགས་དགོ
  • དངུལ་བྱང་སྡེ་ཚན་གྱིས་ ད་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ ཞུ་ཡིག་ནང་ལུ་ འཁོད་ཡོད་པའི་ བདེན་ཁུངས་དང་སྦྲགས་ཏེ་ ཆ་འཇོག་གི་དོན་ལུ་བཙུགས་དགོ
  • ལས་སྡེ་ལུ་ ཕྱི་དངུལ་རྩིས་ཁྲ་ USD/INR ཡོད་པ་ཅིན་ ཞུ་ཡིག་འབྲི་ཤོག་གྲོག་རིག་ཡོངས་འབྲེལ་ནང་ཡོད་མི་འདི་ བཀང་ཞིན་ན་ འབྲུག་དངུལ་ཁང་གི་ཡན་ལག་ཡིག་ཚང་ རྒྱུད་དེ་ དངུལ་བྱང་སྡེ་ཚད་ལུ་སྤྲོད་དགོ

ཁྱད་ཚད།

  • ཚོང་སྡེའི་བཅའ་ཁྲིམས་ནང་ཚུད་ཡོད་པའི་ཚོང་ལས་ཚུ།
  • གཞུང་གི་ལས་སྡེ་དང་ལྷན་ཁག་ཚུ།
  • ཕྱི་རྒྱལ/དངུལ་རྩིས་ཁྲ་འཆང་མི་ལས་སྡེ་ཚུ།
  • རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཆ་འཇོག་འབད་ཡོད་པའི་ ལས་སྡེ་ བཟང་ཁང་དང་འགྲུལ་སྐྱོད་ངོ་ཚབ་ཚུ་བཟུམ།

དགོས་མཁོའི་ཡིག་ཆ།

  • མཉམ་སྡེབ/ཐོ་བཀོད་ ལག་འཁྱེར ༼ལས་སྡེ༽
  • ཚོང་འབྲེལ་ཆོག་ཐམ། (ཚོང་འབྲེལ)
  • རྩིས་ཞིབ་འབད་ཡོད་པའི་ རྩིས་ཁྲ། (དངུལ་ལྷག་ལོག་ལེབ་དང་ P&L)/ ཚོང་ལས་ཚུ་གི་དངུལ་ཁང་རྩིས་ཁྲ
  • མི་ཁུངས་ངོ་སྤྲོད་ལག་ཁྱེར་/ཞུ་ཡིག་བཙུགས་མིའི་ ལམ་ཡིག་འདྲ་བཤུས།

སྤྱོད་ཐངས/ལག་ལེན།

  • རྒྱ་ཁབ་ག་རའི་ནང་ ཆ་གནས་ཡོད།
  • གཞུང་འབྲེལ་དོན་ལུ་ ལས་སྡེ་གིས་ཐག་བཅད་ཡོད་པའི་ -POS swipe དང་ ཡོངས་འབྲེལ་ཐོག་གི་ཉོ་སྒྲུབ་ཚུ།

དངུལ་སྤྲོད།

  • ལས་སྡེ་གིས་རྩིས་ཐོ་ཚུ་གི་དངུལ་སྤྲོད་དགོ

ཚད/ཚད་གཟུང་།

  • རྒྱལ་སྤྱི་ནང་ལག་ལེན་འཐབ་ཆོག་པའི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ཆ་འཇོག་འབད་དེ་ ནང་འཁོད་ལག་ལེན་དང་ USD ཚད་འཛིན་གྱི་དོན་ལུ་ ལས་སྡེ་གིས་ཐག་བཅད་ཡོདཔ་བཞིན།
  • ཕྱི་རྒྱལ་རྩིས་ཁྲ་ནང་ལུ་ དངུལ་ལྷག་འདྲ་མཉམ།

དྲན་གསོ།ཿདངུལ་བྱང་གུ་ ATS སྤྱོད་ནི་གི་དོན་ལུ་ ཆ་གནས་ཡོད་པའི་ལམ་ཡིག་དང་འདྲ་བཤུས་དང་ གཏན་འཁེལ་ཨིན་པའི་ མཁའ་འགྲུལ་ཤོག་འཛིན་དགོ

ཉེན་སྲུང་།

  • ཉེན་སྲུང་དང་ལྡན་པའི་ དེང་སང་EMV Standard-Chip དང་ ངོས་འཛིན་ཨང་།
  • འབྲུག་དངུལ་ཁང་གི་ EMV དངུལ་སྤྲོད་ཤོག་བྱང་འདི་ མཛེས་ཆ་དང་ལྡན་པའི་ ཕྲ་ཤབས་ཅན་འདི་གིས་ འདྲ་གཉིསམ་བཟོ་ནི་ལས་ ཁ་སྐོང་གི་ཉེན་སྲུང་ཡོདཔ་ཨིན། འདི་མ་ཚད་ རང་ཉིད་ཀྱི་ངོས་འཛིན་ཨང་དང་སྦྲགས་ཏེ་ བང་རིམ་འཐེབ་སྦེ་ཉེན་སྲུང་འབདཝ་ཨིན།

འཐུས/སྤྱོད་འཐུས།

ཐེངས་གཅིག་གི་འཛུལ་ཞུགས་འཐུས།དངུལ་བྱང་རེ་ལུ་ དངུལ་ཀྲམ་ ༢༤༩༩
ལོ་བསྟར་བསྐྱར་བཟོའི་འཐུས།དངུལ་བྱང་རེ་ལུ་ དངུལ་ཀྲམ་ ༩༩༩
གསར་བཟོའི་འཐུས།དངུལ་བྱང་རེ་ལུ་ དངུལ་ཀྲམ་ ༢༠༠
དངུལ་སྐྱེད།ཟླ་རིམ་བཞིན་ བརྒྱ་ཆ་ ༢.༥ འ་ནཱི་འདི་ དུས་ཚོད་ཁར་མ་སྤྲོད་མི་ལུ་རྐྱངམ་ཅིག་ལག་ལེན་འཐབ་ནི།
དངུལ་སྤྲོད་ཕྱི་བའི་འཐུས།རྩིས་ཆད་མ་དངུལ་ལས་ དངུལ་ཀྲམ་ ༢༠༠ ཡང་ན་ བརྒྱ་ཆ་ ༠.༥ ག་མཐོཝ་ཅིག མ་དངུལ་རྩིས་ཆད་ཉུང་མཐའ་འདི་ དུས་ཚོད་ཁར་མ་བཏབ་པ་ཅིན་ ཟླ་རིམ་གྱི་དངུལ་སྐྱེད་བརྒྱ་ཆ་ ༢.༥ གུ་ འ་ནཱི་འདི་ ཁ་སྐོང་བཀལ་བཏུབ།
ཕྱི་རྒྱལ་དངུལ་བཏོན་འཐུས།དངུལ་བཏོན་མ་དངུལ་གུ་ བརྒྱ་ཆ་ ༡.༥

འབད་ཆོགཔ་དང་མ་ཆོགཔ།

  • ལས་སྡེ་ཚུ་གིས་ མཚན་རྟགས་བཀོད་ནི་ཨིན་མི་ གན་རྒྱའི་ནང་ ཁ་གསལ་བཀོད་དེ་ཡོདཔ་ཨིན།